ངོ་འཕྲད་བདེ་བའི་དྲ་འབྲེལ།

༢༠༡༦ལོར་སྲིད་འཛིན་གྱི་འོས་བསྡུའི་ཆེད་ཇྭེབ་བྷུཤི་ཡིས་རང་གི་ཚོང་འབྲེལ་གྱི་ལས་དོན་ཁག་ཕྱིར་འཐེན།


ཨ་མེ་རི་ཀའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ཕོ་ལོའོ་ལི་ཐའི་སྲིད་སྐྱོང་ཟུར་པ་ཇྭེབ་བྷུཤི་ཡིས། ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འོས་བསྡུའི་ནང་འགྲན་ཞུགས་བྱ་རྒྱུའི་དགོངས་པ་ཟབ་བཞེས་གནང་བཞིན་པའི་སྐབས་འདིར། རང་གི་ཚོང་འབྲེལ་གྱི་ལས་དོན་བྱེད་སྒོ་ཁག་ཕྱིར་བཤོལ་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་ཡང་སྤྱི་མཐུན་ཚོགས་ཁོངས་ལས་རོགས་ཤིག་གིས་གསར་ཤོག་ལ་བརྗོད་དོན་ལྟར་ན། སྐུ་ཞབས་ཇྭེབ་བྷུཤི་ཡིས། ཤེས་ཡོན་ལས་དོན་ལྷན་ཁང་ཞིག་གི་གླ་ཡོད་སློབ་སྟོན་གྱི་ལས་གནས་ནས་དགོངས་ཞུ་གནང་པ་དང་སྦྲགས། ཤེས་ཡོན་ལས་དོན་ལྷན་ཁང་དེའི་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་ཁོངས་ནས་ཕྱིར་འཐེན་གནང་ཡོད་འདུག ཨ་མེ་རི་ཀའི་སྲིད་འཛིན་ཟུར་པ་བྱའོ་ཇེ་བྷུཤི་ཡིས་གཅུང་པོ་ཇྭེབ་བྷུཤི་རང་ཉིད་སྲིད་འཛིན་གྱི་འོས་བསྡུའི་ནང་འགྲན་ཞུགས་བྱ་རྒྱུའི་བསམ་ཞིབ་བྱེད་བཞིན་པ་ཡིན་ལུགས་ཟླ་བ་སྔོན་མ་གསལ་བསྒྲགས་བྱས་ཡོད་ཅིང་། ཕྱི་ལོ་༢༠༡༦ལོའི་སྲིད་འཛིན་འོས་བསྡུའི་སྐབས་སུ། སྐུ་ཞབས་ཇྭེབ་བྷུཤི་དང་ལྕམ་ཧྭི་ལ་རི་ཁིལིཊིན་འགྲན་བསྡུར་ཡོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG