ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ལོ་༢༠༡༥ལོའི་ཉིན་དང་པོར། པ་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་དུ་དྲག་སྤྱོད་ཀྱི་གནས་ཚུལ་ཞིག་བྱུང་བ་འདི་ལ་ཕྱོགས་གཉིས་ཕན་ཚུན་ལ་སྐྱོན་བརྗོད་བྱེད་རེས་བྱེད་བཞིན་པ་རེད། ཀ་ཤིས་མེར་ས་ཁུལ་དེ་རྒྱལ་ཁབ་པྱོགས་གཉིས་སོ་སོའི་མངའ་ཁོངས་སུ་ཚུད་ཡོད་པས་རྒྱུན་དུ་ས་མཚམས་ས་ཁུལ་འདིར་དྲག་སྤྱོད་དང་དཀའ་རྙོག་གི་གནས་ཚུལ་རྒྱུན་ཆད་མེད་པར་འབྱུང་བཞིན་པ་ལྟར་ཐེངས་འདིར་པ་ཀི་སི་ཐན་གྱི་དམག་མི་གཉིས་ལ་མེ་མདའ་བརྒྱབས་ཏེ་བསད་ཡོད་པ་དེ་ནི་རྒྱ་གར་གྱི་གཡོ་ཇུས་ཤིག་རེད་ཅེས་པ་ཀི་སི་ཐན་གྱིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་།། པ་ཀིས་སི་ཐན་གྱི་ས་མཚམས་ས་ཁུལ་གྱི་མཐའ་སྲུང་དམག་གི་དོ་དམ་ལྟེ་གནས་ཀྱིས་བརྗོད་ན། རྒྱ་གར་པྱོགས་ཀྱི་དམག་དཔོན་ཞིག་གིས་ཕྱོགས་གཉིས་ཀྱི་སྐུ ཚབ་མི་སྣ་མཇལ་འཕྲད་བྱེད་དགོས་པའི་་རེ་བ་བཏོན་པ་ལྟར་པ་ཀི་སི་ཐན་གྱི་སྐུ་ཚབ་མི་སྣ་གྲོས་མོལ་བྱེད་སར་འབྱོར་ཏེ་བརྡ་ལན་སྤྲོད་སྐབས་རྒྱ་གར་གྱིས་པྱོགས་ནས་མེ་མདའ་བརྒྱབས་ཏེ་དམར་གསོད་བཏང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་འདུག པ་ཀི་སི་ཐན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་གར་གྱི་པྱི་འབྲེལ་མི་སྣས་མི་སྣ་ཞིག་ཆེད་མངགས་པ་ཀི་སི་ཐན་གྱི་པྱི་སྲིད་ལྷན་ཁང་དུ་སྐོང་འགུགས་ཀྱིས་ཐེངས་འདིར་རྒྱ་གར་གྱིས་གཡོ་ཇུས་བཤམ་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད། ཅེས་གསར་འགོད་པ་ཚོ་ལ། བརྗོད་འདུག

XS
SM
MD
LG