ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

པེ་ལིས་ཏན་གྱི་གནད་དོན་ཐད་འགན་འཁུར་ཕྱོགས་རིས་མེད་པ་དགོས་ལུགས་བརྗོད་ཡོད་པ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རང་འཁྲིའི་འོས་འགན་འཁྱེར་ཏེ། པེ་ལིས་ཏན་དང་ཨིསེ་རལ་གྱི་དཀའ་རྙོག་སེལ་རྒྱུར་བར་འདུམ་གྲོས་འགྲིགས་ནུས་པ་ཐོན་པ་བྱེད་དགོས་ཀྱི་རེད་ཅེས། རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མི་ཞིག་གིས་བརྗོད་ཡོད་པ་རེད། དེ་ཡང་། སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་རྒྱང་མེད། ཨིསེ་རལ་གྱིས་པེ་ལིསེ་ཏན་གྱི་ས་ཁུལ་བཙན་བཟུང་བྱེད་མཚམས་འཇོག་དགོས་ལུགས་འཁོད་པའི་པེ་ལིས་ཏན་གྱིས་བཏོན་པའི་ཁྲིམས་གཞིའི་གྲོས་འཆར་ཞིག་ལ། གཟའ་མིག་དམར་ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནང་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་ཕམ་ཉེས་བྱུང་བའི་རྗེས་སུ། རྒྱལ་ཚོགས་ཀྱི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལིའུ་ ཅཱི་ཡཱི་ཡིས་ གོང་གི་གཏམ་བཤད་དེ་བྱས་པ་ཞིག་ཡིན་པ་རེད། ཁོང་གིས་ད་དུང་མུ་མཐུད་དེ། པེ་ལིསེ་ཏན་གྱི་གྲོས་འཆར་དེ་ནི། ཨ་རབ་རྒྱལ་ཁབ་ཁག་དང་། པེ་ལིསེ་ཏིན་གྱི་མི་དམངས་རྣམས་ཀྱི་རྒྱུ་མཚན་ལྡན་པའི་དགོས་འདུན་མཚོན་པ་ཞིག་ཡིན་པ་མ་ཟད། དེ་ནི། པེ་ལིས་ཏན་དང་ཨིསེ་རལ་གྱི་གནད་དོན་ཐད་ ད་ཕན་རྒྱལ་ཚོགས་ཀྱིས་བཞག་པའི་གྲོས་ཆོད་རིམ་པ་ཁག་དང་མཐུན་པ་ཞིག་དང་། རྒྱ་ནག་གཞུང་གི་འགྱུར་བ་མེད་པའི་ལང་ཕྱོགས་མཚོན་པ་ཞིག་ཀྱང་ཡིན་ཞེས་བརྗོད་ཡོད་པ་རེད།།

XS
SM
MD
LG