ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལན་གཟའ་འཁོར་འདིའི་རེས་གཟའ་ཉི་མའི་ཉིན་གནམ་གཤིས་སྡུག་པའི་རྐྱེན་གྱིས་ཨིན་རྡུ་ཎེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་ཞིང་། ད་ལྟ་གནམ་གྲུ་དེའི་ཆག་རོ་དང་འགྲུལ་པ་འདས་པོ་དེ་དག་གི་ཕུང་པོ་ཁག་ཅིག་རྙེད་སོན་བྱུང་བ་དང་། ཛ་དྲག་གི་ཉེན་སྐྱོབ་པ་ཚོས་གནམ་མཚོ་གཉིས་ནས་འཚོལ་ཞིབ་བྱས་ཏེ་འགྲུལ་པ་མི་གྲངས་༧་ཙམ་གྱི་ཕུང་པོ་རྒྱ་མཚོའི་ནང་ནས་ལེན་ཐུབ་ཡོད་པ་མ་ཟད། འཚོལ་ཞིབ་ལས་དོན་འདིར་ཨ་མི་རི་ཀ་དང་རྒྱ་ནག་གཉིས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG