ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བལ་ཡུལ་གྱི་རྩ་ཁྲིམས་རྒྱལ་ཁབ་དེའི་ཁེ་ཕན་ལ་དམིགས་དགོས་ཟེར།


རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། ཁོང་གིས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་རང་ཡུལ་གྱི་རྩ་ཁྲིམས་གཏན་འབེབས་བྱེད་པའི་སྐབས་སུ་རྒྱལ་ཁབ་དེའི་ཁེ་ཕན་གཙིགས་སུ་བཟུང་ནས་གཏན་འབེབ་བྱ་དགོས་པའི་བསམ་ཚུལ་བཏོན་འདུག བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་རྒྱལ་ཁབ་ཀྱི་འཛིན་སྐྱོང་ས་ཁུལ་ཁག་དབྱེ་འབྱེད་བྱེད་ཕྱོགས་ལ་ཐུན་མོང་གི་བསམ་ཚུལ་ཞིག་ཡོང་གི་མེད་པ་དང་། ད་ལྟའི་བལ་ཡུལ་གྱི་གཞུང་འཛིན་ཚོགས་པ་དང་དེའི་ཕྱོགས་གཏོགས་པ་ཚོས་སྡེ་ཁག་༦་ནས་༧་དུ་དབྱེ་དགོས་པའི་བསམ་ཚུལ་བཏོན་རུང་། ཕྱོགས་འགལ་དམར་ཤོག་ཚོགས་པ་དང་དེའི་ཕྱོགས་གཏོགས་པ་ཚོས་སྡེ་ཁག་༡༠་ནས་༡༢་ཙམ་ལ་དབྱེ་དགོས་པའི་བསམ་ཚུལ་བཏོན་གྱི་ཡོད་པ་རེད།། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་གིས་ང་ཚོར་བལ་ཡུལ་དེ་ཞི་བདེ་དང་། ཆིག་བསྒྲིལ། གཏན་ལྷིང་། ཡར་རྒྱས་ཞིག་དགོས་པ་ཡིན་བཅས་བཤད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་ཕྱོགས་བསྡུས་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་། །སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG