ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ངོ་དེབ་ནང་དུ་བོད་པའི་གྲྭ་བ་ཞིག་གི་རང་སྲེག་ངོ་རྒོལ་གྱི་གནས་ཚུལ་བསུབས་པ།


ད་ལམ་བོད་ལ་བོད་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་བརྙན་པར་ཞིག་རྒྱ་ནག་རྒྱལ་ས་པི་ཅིང་དུ་གནས་བཞུགས་བོད་པའི་བུད་མེད་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱི་ངོ་དེབ་ཏུ་བཀོད་ཀྱང་། ངོ་དེབ་དྲ་ཚིགས་ཀྱིས་གསར་འགྱུར་དེ་ནག་སུབ་བཏང་བའི་གནས་ཚུལ་ཐོན་ཡོད་ཅིང། ངོ་དེབ་དྲ་ཚིགས་ཀྱིས་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དང་ལྷག་པར་དུ་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་ཀྱི་རྣམ་པ་ཡོད་པའི་གནས་ཚུལ་ཁག་བཀག་སྡོམ་བྱེད་ཀྱི་ཡོད་སྲིད་པའི་དོགས་གཞི་དང་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་ཕྱིན་འདུག དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༢༣་ཉིན་བོད་མདོ་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ ཡེ་ཤེས་ལགས་ཀྱིས་བོད་པའི་རང་དབང་ཆེད་དུ་རང་ལུས་མེར་སྲེག་བཏང་བ་དང་། རང་ལོ་༣༧ ལ་སོན་པའི་གྲྭ་སྐང་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་བརྙན་པར་ཐུང་ངུ་ཞིག་འོད་གསེར་ལགས་ཀྱི་ངོ་དེབ་ལ་བཞག་རུང་། འདས་པའི་རེས་གཟའ་པ་སངས་ཉིན་ངོ་དེབ་དྲ་ཚིགས་ཀྱིས་འོད་ཟེར་ལགས་ཀྱིས་བཞག་པའི་རང་སྲེག་དང་འབྲེལ་བའི་བརྙན་པར་དེ་ཕྱིར་བཏོན་བྱས་པ་མ་ཟད། བརྙན་པར་ཕྱིར་བཏོན་བྱས་པ་དེ་ངོ་དེབ་སྤྱི་ཚོགས་དྲ་ཚིགས་ཀྱི་ཚད་གཞི་དང་མི་འཚམས་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་པ་དང་། རེས་གཟའ་ཉི་མའི་ཉིན་གནད་དོན་འདིའི་ཐད་ངོ་དེབ་དྲ་ཚིགས་ཀྱིས་ལན་འདེབས་རིང་བ་ཞིག་བྱས་ཡོད་པ་རེད།

XS
SM
MD
LG