ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉི་ཧོང་གིས་ཞི་བདེའི་ལམ་ཕྱོགས་སུ་བསྐྱོད་རྒྱུ་རྒྱ་ནག་གིས་རེ་བ་བྱེད་ཀྱི་ཡོད་པ།


ཉི་ཧོང་དང་རྒྱ་ནག་གི་དབར་ཡོད་པའི་བཞིན་པའི་མཚོ་གླིང་བདག་ དབང་གི་རྩོད་རྙོག་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ལོ་རྒྱུ ས་ཀྱི་གནད་དོན་ཐད། མི་མཐུན་པའི་འཁོན་འཛིན་ཡོད་པ་དེ་དག་ཞི་འཇམ་ དུ་ཕྲན་བུ་འགྲོ་བཞིན་པའི་སྐབས་འདིར། ཉི་ཧོང་གི་སྲིད་བློན་ ཤྭིན་ཟོ་ཨ་བྷེ་ ཉི་ཧོང་གི་སྲིད་བློན་དུ་བསྐྱར་དུ་བསྐོ་འདེམས་བྱུང་པའི་རྗེས། ཉི་ཧོང་གིས་གཟའ་ འཁོར་འདིའི་ནང་། བསྐོ་བཞག་བྱས་པའི་སྲུང་སྐྱོབ་བློན་ཆེན་གསར་པའི་ལྟ་ སྐྱོང་གི་འོག ཉི་ཧོང་གིས་ཞི་བདེ་བསྐྲུན་ཐབས་ཀྱི་འབད་བརྩོན་མང་བ་ བྱེད་པ་ང་ཚོས་རེ་བ་བྱེད་ཀྱི་ཡོད་ཅེས་ཕྱི་ཟླ་༡༢པའི་ཚེས་༢༥ རེས་གཟའ་ཕུར་ བུའི་ཉིན་རྒྱ་ནག་གིས་བརྗོད་ཡོད་པ་རེད། དེ་ཡང་ཟླ་རེ་གསར་འགོད་པ་རྣམས་ལ་གནས་ཚུལ་ངོ་སྤྲོད་བྱེད་པའི་གསར་ འགོད་པའི་ལྷན་ཚོགས་ཀྱི་སྐབས་སུ། ཉི་ཧོང་གི་སྲུང་སྐྱོབ་ལྷན་ཁང་སུ་ཞིག་ གིས་སྣེ་ཁྲིད་བྱ་རྒྱུ་ཡིན་མིན་ལ་མ་ལྟོས་པར། ཉི་ཧོང་གི་ཕྱོགས་ནས་ཞི་བདེའི་ལམ་ ཕྱོགས་སུ་མདུན་བསྐྱོད་མུ་མཐུད་བྱས་ཏེ། རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་ལ་ ཡར་རྒྱས་གཏོང་ཐབས་ཀྱི་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན་པར་རྒྱ་ནག་གིས་ ཡིད་ཆེས་བྱེད་ཀྱི་ཡོད་ཅེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ དབྱང་ཡུས་ཅུན་ཡིས་བརྗོད་ཡོད་འདུག

XS
SM
MD
LG