ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་སྲོག་ཁྲིམས།


ཕྱི་ལོ་༢༠༡༤་ལོའི་མགོ་སྟོད་དེར་རྒྱ་ནག་གཞུང་དངུལ་ལོར་རྫུན་བཟོ་དང་གཡོ་ཁྲམ་གྱི་སྒོ་ནས་དཔལ་འབྱོར་འདུ་འགོད་བྱས་པ། གཞན་ལ་བཙན་ཤེད་ཀྱི་སྒོ་ནས་སྨད་འཚོང་གི་ལས་སུ་ཞུགས་བཅུག་པ་སོགས་ཚུད་པའི་ཉེས་ཁྲིམས་༩་ལ་སྲོག་ཁྲིམས་གཅོད་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ལོ་ངོ་༡༨་གོང་དུ་ན་གཞོན་ཞིག་ལ་བཙན་གཡེམ་དང་མི་བསད་པའི་ནག་ཉེས་ཐོག་ཏུ་སྲོག་ཁྲིམས་བཅད་པར་ནག་ཉེས་མི་འདུག་ཅེས་དཀར་འདོན་བྱས་པ་མ་ཟད། ད་ལོའི་ཕྱི་ཟླ་༦་ནང་རྒྱ་ནག་གི་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་བུད་མེད་ཅིག་ལ་ཁྱོ་ག་བསད་པའི་ནག་ཉེས་ཐོག་ཏུ་སྲོག་ཁྲིམས་བཅད་པའང་ཆོད་སློག་བཏང་སྟེ། བུད་མེད་དེས་ལོ་མང་རིང་ཁྱོ་གའི་རྡུང་རྡེག་དང་མནར་གཅོད་ལ་བཟོད་སྒོམ་བྱས་ནས་སྡུག་བསྔལ་མྱངས་འདུག་ཅེས་འགྲེལ་བཤད་བརྒྱབ་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཉམས་ཞིབ་པ་ཎི་ཁོ་ལ་སི་བྷན་ཁུ་ལིན་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་ལ་ལེགས་བཅོས་གཏོང་རྒྱུའི་འདོད་པ་འདུག་ཅེས་བཤད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG