ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་ནང་ཡི་ཤུའི་ཆོས་དད་པ་མང་པོ་ཞིག་ཧིན་དུ་ལ་གྱུར་བར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ།


རྒྱ་གར་གྱི་སྲིད་བློན་ན་རིན་ལྡ་ར་མོ་ཊི་འཁྲུངས་ཡུལ་མངའ་སྡེ་གྷུ་ཇུ་ར་ཏི་ཡི་མཐར་ལྷུང་ཅན་གྱི་ཧིན་དུའི་ལྟ་བ་མཁྲེགས་པོ་འཛིན་མཁན་ཧིན་དུའི་ཆོས་ལུགས་ཀྱི་སྒྲིག་འཛུགས་ཤིག་གིས་ཁུལ་དེའི་ཡི་ཤུའི་ཆོས་དད་མི་སྣ་གྲངས་༢༠༠ཙམ་ཞིག་ཧིན་དུའི་ཆོས་ལུགས་ལ་བསྒྱུར་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པར་ཡི་ཤུའི་ཚོགས་པ་ཁག་དང་ དེ་བཞིན་སྲིད་བློན་མཆོག་དང་ ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་མཐུན་མཁན་བཅས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་ སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་སྲིད་བློན་མོ་ལྡིའི་དབུ་ཁྲིད་པའི་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་དང་ཡི་ཤུའི་ཆོས་དད་མི་སྣ་ཧིན་དུའི་ཆོས་ལུགས་ལ་སྒྱུར་མཁན་ཚོགས་པ་གཉིས་ཕན་ཚུན་འབྲེལ་བ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG