ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་ཀུ་པའི་ཕྱི་འབྲེལ་སླར་གསོ་ལ་བསྔགས་བརྗོད།


ལོ་ངོ་༥༠་ལྷག་ལ་ཨ་མི་རི་ཀ་དང་ཀུ་པ་གཉིས་རྒྱལ་ཁབ་གཉིས་དགྲ་ཁ་གཏད་དུ་གྱུར་ཀྱང་། གཟའ་འཁོར་འདིར་གྲང་དམག་འཁོན་འཛིན་གྱི་ཤུལ་རྒྱུན་མཐའ་མ་དེ་མཇུག་བསྒྲིལ་ཏེ། ཨ་རི་དང་ཀུ་པ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེར་བརྟེན་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་ཨ་རི་དང་ཀུ་པའི་འབྲེལ་བ་བཟང་ཕྱོགས་སུ་འགྱུར་བ་དེར་བསྔགས་བརྗོད་ཆེན་པོ་བྱས་འདུག ཨ་རི་དང་ཀུ་པའི་ཕྱི་འབྲེལ་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་སྐབས་དེར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་ཆེས་མཐོ་འགོ་ཁྲིད་ཚོ་ཨར་ཆིན་ཊི་ནར་ཚོང་འབྲེལ་གྱི་ཚོགས་འདུ་ཚོགས་ཡོད་པའི་སྐབས་ལ་ཁེལ་ཡོད་པས། ཁོང་ཚོས་རེ་ཞིག་ཚོགས་འདུ་བར་མཚམས་བཞག་ནས་གནས་ཚུལ་དེར་དགའ་བསུ་ཞུས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG