ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་བ།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཚོས་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་ནང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ནས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་བསྐྱར་འཛུགས་གནང་འདུག་པ་དང་། བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གསུངས་དོན་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཚོགས་ཆུང་གསུམ་ལ་ཆ་བགོས་ཀྱིས་བར་ལམ་རྒྱ་གར་གྲོས་ཚོགས་ནང་འཐུས་མི་གསར་འདེམས་བྱུང་བ་དང་། དེའི་གོང་བོད་དོན་ལ་འབྲེལ་བ་ཡོད་པའི་འཐུས་མི་སོགས་མཇལ་འཕྲད་ཞུས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྲོས་ཚོགས་ལ་གདན་ཞུ་གནང་ཐབས་ཀྱི་སྐོར་གཙོ་བོར་འགྱུར་བའི་དོན་ཚན་གསུམ་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུས་ཡོད་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སོགས་འཐུས་མི་མང་དུ་སོང་བར་བརྟེན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་ཕྱོགས་ལ་བཀའ་བསྡུར་གནང་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་གཞུང་འཛིན་ཚོགས་པའི་གནད་ཡོད་དབུ་ཁྲིད་ཤན་ཏ་ ཀུ་མར་ལགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པའི་ཐུགས་འགན་བཞེས་ཡོད་པ་དང་། ཚོགས་ཆུང་ནང་སྲིད་དོན་ཚོགས་པ་ཚང་མའི་འཐུས་མི་ཡོད་ཅེས་གསུངས་འདུག་ཀྱི་འདུག

XS
SM
MD
LG