ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་དབང་ཀརྨ་པ་རིན་པོ་ཆེས་དམ་ཆོས་བང་མཛོད་དབུ་འབྱེད་མཛད་པ།


རེས་གཟའ་ཉི་མའི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་དགུན་ཆོས་ཆེ་མོ་དང་སྟབས་བསྟུན་ཏེ་དམིགས་བསལ་མཛད་སྒོ་ཞིག་གི་ཐོག་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དམ་ཆོས་བང་མཛོད་ཅེས་པའི་གློག་ཀླད་ཀྱི་ལྡེ་མིག་གསར་་པ་ཞིག་ཞལ་ཕྱེ་གནང་འདུག་པ་དང་། གློག་ཀླད་ཀྱི་ལྡེ་མིག་གམ་ཡུ་ཨེས་བྷི་གསར་པ་དམ་ཆོས་བང་མཛོད་ཅེས་པའི་ལས་འཆར་དེའི་ནང་

ཀློག་ཀླད་བརྒྱུད་ནས་མ་འོངས་པར་ནང་པ་སངས་རྒྱས་པའི་བཀའ་བསྟན་ཡོངས་དང་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་དང་གསུང་རབ་ཡོངས་ལ་སློབ་གཉེར་དང་ཉམས་ཞིབ་གནང་མཁན་སོགས་ལ་སྲོལ་རྒྱུན་གྱི་ཕྱག་དཔེ་ལྟ་ཀློག་གནང་སྲོལ་ལས་གཞན་པའི་དེང་རབས་ཅན་གྱི་དྲ་རྒྱ་དང་སྤྱི་ཚོགས་འབྲེལ་ལམ་སོགས་ཆ་འཕྲིན་བརྒྱུད་ཀློག་བདེ་དང་འཚོལ་ཞིབ་གནང་བདེའི་ཆེད་བཟོས་པ་ཞིག་ཡིན་པ་དང་། དེ་ཡང་ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་མུ་མཐུད་བཀའ་གནང་དོན་ལ་ ལས་གཞི་དང་པོའི་ནང་བཀའ་འགྱུར་ཆ་ཚང་བ་ཞིག་བཅུག་གནང་ནས་དངོས་སུ་ལག་ལེན་བསྟར་ཐུབ་པ་ཞིག་བཟོས་གནང་ཡོད་པ་དང་། བཀའ་འགྱུར་གྱི་མ་གཞི་དེ་ཡང་འཇང་བཀའ་འགྱུར་བཅུག་གནང་རྒྱུར་བདམས་ཀ་གནང་ཡོད་པ་དེ་ནི་འཇང་བཀའ་འགྱུར་ནི་བོད་ཡིག་ཤིང་དཔར་ནང་ཡོད་པའི་བཀའ་འགྱུར་དང་པོ་དེ་ཡིན་པར་བརྟེན་ལོ་རྒྱུས་དང་རིག་གཞུང་གི་གནད་འགག་སོགས་ལ་དགོངས་པ་ཏེ་འཇག་བཀའ་འགྱུར་ཆ་ཚང་བ་ཞིག་ཀམ་པུ་ཀྲར་ནས་བཅུག་གནང་བ་ཡིན་ཞེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG