ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་བདེ་འཇགས་མི་སྣ་ཚོས་དམངས་གཙོ་དོན་གཉེར་བའི་གུར་བཤིག་ནས་གཞུང་ལམ་ཐོག་གི་འགོག་རྭ་བསྡུས་པ་དང་། འདས་པའི་ཉི་མ་༧༥་ཙམ་ལ་ངོ་རྒོལ་གྱི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོ་མཐར་སྐྲོད་བཏང་སྟེ། ད་ལྟ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དེ་ཉིད་བཙན་ཤེད་ཀྱིས་མཇུག་སྒྲིལ་དུ་བཅུག་ཡོད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཁྲིམས་ལུགས་དང་གསར་འགྱུར་བརྒྱུད་ལམ་བཅས་ཀྱི་ཐབས་ལམ་བརྒྱུད་དེ། ཕྱིས་སུ་ཧོང་ཀོང་གི་སློབ་ཆེན་ཁག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདི་རིགས་མི་འབྱུང་བའི་འབད་རྩོན་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG