ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

༸གོང་ས་མཆོག་ནོ་བེལ་ཞི་བདེའི་ཚོགས་ཆེན་ལ་ཕེབས་ཞུགས།


གཟའ་པ་སངས་ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱི་འཛམ་གླིང་གི་ཚོགས་ཆེན་ཐེངས་༡༤་པའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་གནང་ཡོད་ཅིང་། ཐོག་མར་ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱི་ཚོགས་ཆེན་དེ་ལྷོ་ཨ་ཧྥི་རི་ཀར་ཚོགས་རྒྱུ་བྱས་ཀྱང་། ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་རྒྱལ་ཁབ་དེར་ཕེབས་ཆོག་པའི་ཐོངས་ཆེན་ཕུལ་མེད་པས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱིས་གོང་ས་མཆོག་ལ་རྒྱབ་སྐྱོར་དང་ལྷོ་ཨ་ཧྥི་རི་ཀའི་ཚོགས་ཆེན་ལ་མཉམ་ཞུགས་གནང་རྒྱུ་ཕྱིར་འཐེན་བྱས་འདུག དེར་བརྟེན་ཚོགས་ཆེན་ཚོགས་ཡུལ་དང་ཚོགས་འདུའི་དུས་ཚོད་བཅས་ལ་འགྱུར་བ་བཏང་སྟེ། ད་ལྟ་གྲོང་ཁྱེར་རོམ་དུ་ཉིན་གསུམ་རིང་ཚོགས་ཆེན་འཚོགས་རྒྱུ་དང་། ༸གོང་ས་མཆོག་ཚོགས་ཆེན་དེར་ཕེབས་པའི་མཁས་པ་ཚོའི་ལྷན་དུ་ཞི་བདེའི་བགྲོ་གླེང་གྱི་བརྗོད་གཞི་མི་འདྲ་བ་གསུམ་ལ་ལྷན་ཞུགས་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG