ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ནོ་བྷེལ་ཞི་བདེའི་ཆེས་མཐོའི་ཚོགས་ཆེན་དུ་ཕེབས་ཞུགས་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲེད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་ཆེན་པོ་མཆོག་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟིངས་རྟགས་བཞེས་མཁན་གྱིས་ཆེས་མཐོའི་ཚོགས་འདུའི་ནང་ཞུགས་གནང་རྒྱུར་དེ་རིང་སྔ་དྲོ་ཆུ་ཚོད་༡༡་ཐོགས་ཨེ་ཊ་ལེའི་གྲོང་ཁྱེར་རོ་འོམ་ནང་ཕེབa་འབྱོར་གནང་ཡོད་པ་རེད། ཐེངས་འདིའི་ནོ་བྷེལ་ཞི་བདེའི་ཚོགས་ཆེན་གྱིས་འགྲེམ་སྤེལ་བྱས་པའི་ནོ་བྷེལ་གཟིངས་རྟགས་བཞེས་མཀན་རྣམས་ཀྱི་དེབ་ཀྱི་མདུན་ཤོག་དེར་༧གོང་ས་མཆོག་གི་སྐུ་པར་བཀོད་ཡོད་པ་རེད། ཚོགས་ཆེན་དེས་དེ་རིང་ཕྱི་དྲོ་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་དང་། སང་ཉིན་གཟའ་པ་སངས་ཉིན་ནས་འགོ་བཙུགས་ཏེ་ཉིན་གསུམ་རིང་ཚོགས་འདུ་འཚོག་རྒྱུ་རེད་འདུག ཚོགས་འདུ་དེ་ཚོགས་སའི་གྲོང་ཁྱེར་རོའོམ་གྱིས་སྤྱི་ལོ་༢༠༠༩ ལོར་༧གོང་ས་མཆོག་ལ་གྲོང་ཁྱེར་གྱི་ཆེ་མཐོང་མི་སེར་གྱི་ཕྱག་འཁྱེར་ཕུལ་ཡོད་པ།

XS
SM
MD
LG