ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་བཅིུས་པའི་ཚེས་བཅུའི་ངོ་བོ་དང་གནད་འགག་ཐད་གླེང་བ།


ཕྱི་ལོ་༢༠༡༤ཕྱི་ཟླ་བཅིུས་པའི་ཚེས་༡༠འི་ཉིན་མོ་འདི་བཞིན་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པའི་ཐོག་ དུས་ཚོད་ཁྱད་པར་ཅན་འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེ་མཐོང་ཆེ་བའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༢༥ཧྲིལ་པོར་འཁོར་བའི་དུས་དྲན་ཀྱང་ཡིན་པར་སོང་ཉིན་མོ་དེའི་གནད་འགག་ཐད་འདི་གའི་རླུང་འཕྲིན་གྱི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་ཡུ་རོབ་ཀྱི་རྒྱལ་ཁབ་སེ་པེན་ནང་བཞུགས་པའི་བོད་མི་མང་སྤྱི་འཐུས་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ལ་གནས་འདྲི་ཞུས་པ་དེ་གསན་རོགས་གནང། སྐུ་ཞབས་དབང་ཆེན་ལགས་ནི་སེ་པེན་བོད་ཁང་གི་འགན་འཛིན་དེ་ཡང་ཡིན་པ་དང་ཕྱོགས་མཚུངས་ཟླ་བ་འདིར་བོད་ཁང་དབུ་བརྙེས་ནས་མི་ལོ་༢༠འཁོར་བའི་དུས་དྲན་ཀྱང་རེད་འདུག

XS
SM
MD
LG