ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཁོར་ཡུག་འབག་བཙོག་ཡོང་རྐྱེན་བཟོ་ཚོང་ཁང་ཆིག་སྟོང་གི་མིང་འཐེར་འདོན།


རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་ ཁོར་ཡུག་འབག་བཙོག་བཟོ་མཁན་བཟོ་མཁན་བཟོ་ཚོང་ཁག་ཆིག་སྟོང་ལྷག་གི་མིང་འཐེར་འདོན་བྱས་ཏེ་ བཟོ་ཚོང་ཁང་དེ་དག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ལ་བརྩི་མེད་ཀྱི་ཐོག་ནས་ ཚད་གཞི་ལས་བརྒལ་བའི་དུག་ལྷང་མཁའ་དབྱིངས་ལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད་ ཞིབ་འཇུག་གི་སྙན་ཐོ་དེ་ནི་ རྒྱ་ནག་གི་སྤྱི་དམངས་དང་ཁོར་ཡུག་ལས་དོན་ཁང་དང་ དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་མཉམ་འབྲེལ་གྱི་ཐོག་ནས་བཏོན་པ་ཞིག་ཡིན་ཞིང་ སྙན་ཐོ་དེའི་ནང་ རྒྱ་ནག་གི་མཁའ་དབྱིངས་དུ་ཞག་ནག་པོས་འཁྲིགས་པ་སོགས་ཁོར་ཡུག་གི་གནས་སྟངས་ཧ་ཅང་ཐ་ཞན་པོ་ཡོད་པ་དེའི་ཐད་ཉེས་འགན་ཡོད་མཁན་གཙོ་བོ་ཁག་ནི་ ནུས་ཤུགས་འདོན་སྤེལ་བྱེད་པའི་བཟོ་ཚོང་ཁང་ཁག་དང་ ཨར་འདམ་བཟོ་གྲྭ་དང་ ལྕགས་བཞུའི་བཟོ་གྲྭ་ དེ་བཞིན་ ལྕགས་རྡོ་དང་ངར་ལྕགས་བཟོ་གྲྭ་ རྫས་འགྱུར་བཟོ་གྲྭ་ཁག་སོགས་ཡིན་པ་འཐེར་འདོན་བྱས་ཡོད་འདུག་ བཟོ་ཚོང་ཁང་དེ་དག་གི་ནང་ནས་ཀྱང་འགའ་ཞིག་ནི་ གཞུང་གི་སྒྲིག་གཞི་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གཞི་བཅས་ལ་བརྩི་མེད་ཡང་ཡང་བྱས་པའི་ནག་ཉེས་ཡོད་མཁན་ཡིན་པ་འཐེར་འདོན་བྱས་ཡོད་པ་དེ་དག་གི་ཁོངས་སུ་ རྣམ་ཀུན་གྲགས་ཆེ་བའི་བཟོ་ཚོང་ཁང་ཆེ་གྲས་མང་པོ་ཞིག་ཀྱང་ཡོད་པས་ བཟོ་ཚོང་ཁང་དེ་དག་ལ་མ་རྩ་འཛུགས་འཇོག་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་དེ་ཚོའི་ཐད་དོ་སྣང་བྱས་ཏེ་ ཁོར་ཡུག་འབག་བཙོག་བཟོ་གཞིའི་བྱ་སྤྱོད་ཀྱི་རིགས་སྤེལ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་ཡིན་ཞེས་སྙན་ཐོ་དེའི་ནང་རེ་བསྐུལ་ཞུས་ཡོད་པ་རེད།

XS
SM
MD
LG