ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨཕྷ་གྷནིས་ཐན་ནང་དྲག་འཐབ་ཀྱི་འགན་འཁུར་ཡོངས་སུ་ཨཕྷ་གྷན་དམག་མིར་རྩིས་སྤྲོད་བྱས་པ།


ཨ་རི་དང་བྱང་ཨཌ་ལན་ཊིག་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་གཉིས་ཀྱིས་འདས་པའི་ལོ་བཅུ་གསུམ་རིང་ཨཕྷ་གྷནིས་ཐན་ནང་ཁ་ཆེའི་དྲག་སྤྱོད་པའི་སྒྲིག་འཛུགས་ཨལ་ཀའི་ཌ་དང་ཏ་ལི་བྷན་གཉིས་ལ་དྲག་འཐབ་ཀྱི་ལས་དོན་ཡོངས་ཀྱི་འགན་འཁུར་ལེན་ཡོད་པ་དང་། རེས་གཟའ་མིག་དམར་ཉིན་ཨཕྷ་གྷནིས་ཐན་ནང་རྒྱལ་སྤྱིའི་མཉམ་འབྲེལ་དཔུང་དམག་གི་དར་ཆ་སྤབ་ནས་དྲག་འཐབ་ཀྱི་འགན་འཁུར་ཡོངས་སུ་ཨཕྷ་གྷན་དམག་མིར་རྩིས་སྤྲོད་བྱས་འདུག རྒྱལ་སྤྱིའི་དམག་དཔུང་དེའི་སྤྱི་ཁྱབ་དམག་དཔོན་ཨ་རིའི་དམག་སྤྱི་ཇོན་ ཀེམ་བྷལ་གྱིས་གསུངས་དོན་ལ་ ད་ནས་ཨ་རིའི་དམག་མིའི་ལས་འགན་ནི་སྦྱོང་བརྡར་སྤྲོད་རྒྱུ་ཙམ་ཡིན་པ་དང་། སྲུང་སྐྱོབ་ཀྱི་འགན་འཁུར་ཡོངས་སུ་ཨཕྷ གྷན་གྱི་དམག་མི་རང་གིས་བྱེད་ཀྱི་རེད་ཅེས་གསུངས་འདུག ཁོང་གིས་མུ་མཐུད་གསུངས་དོན་ལ་ ཨཕྷ གྷན་དམག་མི་ཚོར་དྲག་འཐབ་ཀྱི་འགན་འཁུར་ལེན་ཐུབ་པའི་ནུས་པ་ཆ་ཚང་ལྡན་ཡོད་པ་དང་། ཁོང་ཚོས་ད་བར་གྱི་ལས་དོན་བྱེད་སྟངས་ཀྱི་འགན་འཁུར་ལ་འགྱུར་བ་བཏང་ནས་། མི་མང་གིས་ཁོང་ཚོར་གདེང་འཇོག་བྱེད་ཐུབ་པ་བཟོ་དགོས་ཀྱི་རེད་ཅེས་གསུངས་འདུག འོན་ཀྱང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨཕྷ གྷནིས་ཐན་ནང་ཨ་རིའི་དམག་མི་ཟུར་དུ་ལས་དོན་འཕར་མ་བྱེད་དགོས་པར་ཐག་གཅོད་གནང་བ་དེས་ཨཕྷ་གྷནིས་ཐན་གཞུང་དམག་གིས་དྲག་སྤྱོད་པར་ཁ་གཏད་ཀྱི་དྲག་རྒོལ་བྱེད་ཐུབ་རྒྱུར་ཨ་རི་ལ་ད་ལྟའང་སེམས་ཚབས་ཡོད་པ་མངོན་གྱི་ཡོད་པ་རེད།

XS
SM
MD
LG