ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་གློག་བརྙན་བཟོ་འདོན་བྱེད་མཁན་རྣམས་གྲོང་མཐའི་ས་ཁུལ་ལ་ཆེད་གཏོང་།


རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ལས་རིགས་ལ་ལྟ་རྟོག་བྱེད་ མཁན་ཞིག་གཞིར་བཟུང་བྱས་ན། སྒྱུ་རྩལ་ལ་ལྟ་སྟངས་ཡང་དག་ཡོང་རྒྱུའི་ཆེད་དུ། རྒྱ་ནག་གཞུང་གིས། གློག་བརྙན་བཟོ་འདོན་བྱེད་མཁན་དང་། བརྙན་འཕྲིན་ གྱི་ལས་ཀ་བྱེད་མཁན་སོགས་སྒྱུ་རྩལ་མཁན་རྣམས། གྲོང་མཐའི་ས་ཁུལ་ཁག་ཏུ་ མང་ཚོགས་དང་འདྲེས་ཏེ་སྡོད་རྒྱུའི་དོན་དུ་ཆེད་གཏོང་བྱེད་འཆར་ཡོད་པ་དང་།

བྱ་ཐབས་དེ་ནི། གཞུང་འཛིན་དམར་ཤོག་ཚོགས་པས། མའོ་ཚེ་ཏུང་གི་དུས་ སྐབས་སུ། ཤེས་ཡོན་ཅན་དང་། དེ་མིན་གྱི་མི་སྣ་གཞན་རྣམས། གྲོང་མཐའི་ས་ ཁུལ་ཁག་གི་ཞིང་པ་རྣམས་དང་ངལ་རྩོལ་མཉམ་དུ་བྱེད་པར་ཆེད་གཏོང་བྱས་ པའི་བྱ་ཐབས་ལ་རྗེས་ཟློས་བྱས་པ་ཞིག་མཚོན་གྱི་ཡོད་ཅིང་། གོང་ཞུས་ཀྱི་བྱ་ ཐབས་དེ་ནི། སྲིད་འཛིན་ཞི་ཅིན་པིང་གིས་སྒྱུ་རྩལ་གྱི་ཚོགས་པ་ཞིག་ལ། སྐད་ གྲགས་དང་དངུལ་གྱི་དོན་དུ་རྒྱུགས་རྒྱུའི་ཚབ་ཏུ། སྤྱི་ཚོགས་ཡར་འདེགས་ཀྱི་ ལས་དོན་བྱེད་དགོས་ལུགས་ཀྱི་གཏམ་བཤད་གནང་པ་ཞིག གཞུང་གཉེར་ གསར་འགྱུར་ལས་ཁང་གིས། མའོ་ཚེ་ཏུང་གིས་གཏམ་བཤད་བྱས་པ་དང་ མཚུངས་བསྡུར་བྱས་ཏེ། གཟའ་འཁོར་འགའ་ཞིག་གི་མཇུག་ཏུ་ཡོངས་གྲགས་བཟོས་པ་ཞིག་ཡིན་པ་རེད། དེའི་ཐད། དྲ་རྒྱ་བེད་སྤྱོད་གཏོང་མཁན་རྒྱ་མི་མང་པོས། གཞུང་གི་བྱ་ཐབས་དེ་ནི། རིག་གནས་གསར་བརྗེའི་ལས་འགུལ་གསར་པ་ཞིག་འགོ་འཛུགས་བྱེད་ཀྱི་ཡོད་ ལུགས་ཀྱིས་འཕྱ་སྨོད་དང་ཁྲེལ་དགོད་བྱེད་ཀྱི་ཡོད་འདུག

XS
SM
MD
LG