ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐའེ་ཝན་གྱི་སྲིད་འཛིན་ཚོགས་པའི་འགོ་ཁྲིད་ཀྱིས་དགོངས་ཞུ་བྱ་རྒྱུ་ཡིན་པ།


རེས་གཟའ་མིག་དམར་ཉིན་ཐའེ་ཝན་གྱི་སྲིད་འཛིན་མ་ཡིང་ཆུས་གཞུང་འཛིན་གོ་མིན་ཏང་སྲིད་དོན་ཚོགས་པའི་ཚོགས་གཙོའི་གོ་གནས་ནས་དགོངས་ཞུ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག་པ་དང་། དེ་ནི་རེས་གཟའ་སྤེན་པའི་ཉིན་གྲོང་ཁྱེར་སྤྱི་ཁྱབ་སོགས་ས་གནས་ཀྱི་འོས་བསྡུའི་ནང་གཞུང་འཛིན་གོ་མིན་ཏང་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་སྟེ་རྒྱ་ནག་ལ་དགའ་ཞེན་ཆེ་བའི་སྲིད་བྱུས་ལམ་ལྷོང་ཡོང་རྒྱུར་ཉེན་ཁ་བཟོས་པའི་རྗེས་ཐག་གཅོད་དེ་བྱས་པ་ཞིག་ཡིན་པ་རེད། སྲིད་འཛིན་མ་ཡིང་ཆུའི་མིང་ཐོག་གོ་མིན་ཏང་སྲིད་དོན་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་བརྗོད་དོན་ལ་ གྲོང་ཁྱེར་འཛིན་སྐྱོང་དང་དེ་མིན་ས་གནས་འོས་བསྡུའི་ནང་གོ་མིན་ཏང་སྲིད་དོན་ཚོགས་པར་ཕམ་ཉེས་བྱུང་བ་དེའི་འགན་འཁུར་ཡོངས་རྫོགས་རང་ཉིད་ལ་ཡོད་པ་དང་། འདས་པའི་ལོ་དགུའི་རིང་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་འགན་འཁུར་བྱས་པ་དེ་ད་ཆ་གཞན་ལ་རྩིས་སྤྲོད་བྱ་རྒྱུའི་དུས་ལ་བསླེབས་འདུག་ཅེས་འགྲེལ་བརྗོད་བྱས་འདུག སྲིད་དོན་ཚོགས་པའི་ཚོགས་གཙོ་ནས་དགོངས་ཞུ་བྱས་པ་དེས་མ་ཡིང་ཆུ་ཐའེ་ཝན་གྱི་སྲིད་འཛིན་མུ་མཐུད་བྱ་རྒྱུར་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་པ་དང་། ༢༠༡༦ བར་སྲིད་འཛིན་མུ་མཐུད་བྱ་རྒྱུ་རེད། འོན་ཀྱང་མཚོ་ཁག་གཉིས་དབར་འབྲེལ་བ་གོང་འཕེལ་དུ་གཏང་རྒྱུའི་ཕུགས་བསམ་དེ་མ་འོངས་པའི་ལོ་གཉིས་ཀྱི་ལས་རྒྱུན་རིང་གཞུང་འཛིན་ཚོགས་པའི་ནང་ལམ་ལྷོང་ལྡན་པའི་འགུལ་བསྐྱོད་བྱེད་ཁག་པོ་ཆགས་རྒྱུ་ཡིན་པ་རེད།

XS
SM
MD
LG