ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གླུ་གཞས་གཏོང་མཁན་སྐལ་བཟང་ཡར་འཕེལ་དང་པདྨ་རིག་འཛིན་གཉིས་བཙོན་འཇུག


ད་མི་གླུ་གཞས་གཏོང་མཁན་སྐད་གྲགས་ཅན་སྐལ་བཟང་ཡར་འཕེལ་ལགས་དང་ པདྨ་རིག་འཛིན་ལགས་གཉིས་ལ་རྒྱ་ནག་གཞུང་གིས་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་དང་ དེ་ཡང་རྒྱ་ནག་གཞུང་གིས་བོད་མི་སྐལ་བཟང་ཡར་འཕེལ་ལགས་སུ་རོལ་དབྱངས་ཀྱི་འདུ་འཛོམས་གོ་སྒྲིག་བྱས་པ་དང་ དེ་བཞིན་གླུ་གཞས་བཏང་བའི་ནང་དོན་གྱི་ནང་ བོད་མི་ཚོས་བོད་སྐད་རྒྱག་དགོས་པ་དང་ བོད་ཡིག་སྦྱང་དགོས་པ་ དེ་བཞིན་མདོ་དབུས་ཁམས་གསུམ་གྱི་བོད་མི་ཁྱོན་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པ་སོགས་ཀྱི་བརྗོད་ཚིག་འཁོད་པའི་གླུ་གཞས་བཏང་བ་དེ་ལ་ ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་ ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༧པའི་ནང་སྐལ་བཟང་ཡར་འཕེལ་ལགས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་འཛིན་བཟུང་བྱས་ཡོད་པ་དང་ ད་ཆ་ཁྲེན་ཏུ་གྲོང་ཁྱེར་དུ་ཡོད་པའི་ས་གནས་ཁྲིམས་ཁང་ཞིག་གིས་སྐལ་བཟང་ཡར་འཕེལ་ལགས་སུ་ཆབ་སྲིད་དང་འབྲེལ་བའི་གླུ་གཞས་བཏང་པའི་ཉེས་འཛུགས་བྱས་ཏེ་ཁོང་ལ་ལོ་བཞིའི་རིང་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་ལུགས་རྡ་རམ་ས་ལར་གནས་སྡོད་ དེ་སྔའི་བོད་ཀྱི་ཆབ་སྲིད་བཙོན་པ་ལྷ་མོ་སྐྱབས་ལགས་ཀྱིས་འགྲེལ་བརྗོད་བྱས་འདུག་ དེ་བཞིན་ཉེ་ལམ་མདོ་སྨད་རྔ་བའི་གླུ་གཞས་གཏོང་མཁན་པདྨ་རིག་འཛིན་ལགས་ལ་ཡང་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གླུ་གཞས་ཀྱི་འོད་སྡེར་སྒྲིག་སྦྱོར་དང་ པར་སྐྲུན་བྱས་པའི་ཉེས་མིང་བཏགས་ཏེ་ ཁོང་ལ་ལོ་༢དང་ཕྱེད་ཀའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG