ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ནང་ཨེ་ཙི་ནད་པར་འཕྲོད་བསྟེན་ལྟ་སྐྱོང་ཡར་རྒྱས་གཏོང་དགོས་པ།


སྤྱི་ཟླ་༡༢བའི་ཚེས་༡་ཉིན་མོ་ནི་འཛམ་གླིང་ཨེ་ཙི་ན་ཚའི་ཉིན་མོ་སྲུང་བརྩི་བྱེད་བཞིན་པ་ལྟར། ཉིན་མོ་འདི་དང་སྟབས་བསྟུན་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་ནང་དུ་ AIDS འམ་གཉན་ནད་རེག་དུག་གི་ན་ཚ་ཡོད་པའི་ནད་པ་ས་ཡ་ཕྱེད་ཀ་མ་ཟིན་ཙམ་ཡོད་པ་རྣམས་ལ་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་སྔར་ལས་རྒྱ་ཆེ་བ་སྤེལ་དགོས་ཞེས་སྐུལ་སློང་བྱས་འདུག་ཅིང་།

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་རྒྱ་ནག་ནང་ཡོད་སྐུ་ཚབ་པས་རྒྱ་ནག་གཞུང་གིས་གཉེར་བཞིན་པའི་མི་མང་ཉིན་རེའི་ཚགས་པར་གྱི་བསམ་ཚུལ་འབྲི་སའི་སྟེང། ༼རྒྱ་ནག་ནང་གི་གཏམ་རྒྱུད་གཉིས་ཏེ་ཨེ་ཙི་ན་ཚའི་འདས་པའི་ལོ་ཟླ་དང་ད་ལྟ།༽ ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ། དེའི་ནང་དུ་རྒྱ་ནག་གཞུང་གིས་HIVཞེས་པའི་སྲིན་འབུ་འཁྲུག་པའི་ཨེ་ཙི་ནད་པ་རྣམས་ལ་མཐོང་ཆུང་དང་སྤྱི་ཚོགས་ལས་ལོགས་སུ་དགར་རྒྱུ་མཚམས་འཇོག་བྱས་ཏེ་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་དང་རོགས་སྐྱོར། དྲིལ་བསྒྲགས་སོགས་སྔར་ལས་རྒྱ་ཆེ་བ་སྤེལ་དགོས་པ་བྲིས་ཡོད་པ་རེད།

ཁོང་གི་རྩོམ་ཡིག་དེའི་ནང་དུ་འཁོད་དོན། ད་ལྟ་རྒྱ་ནག་ནང་དུ་གདོང་ལེན་བྱ་དགོས་པ་ཨེ་ཙིོ་ན་ཚའི་སྐོར་གྱི་གནད་དོན་ཁག་ཅིག་ནི་ཨེ་ཚི་ན་ཚ་དེ་ཇི་ལྟར་འགོ་བཞིན་ཡོད་པ་སྲིལ་བསྒྲགས་ཀྱི་ལས་འགུལ་ཇེ་མང་གཏོང་དགོས་པ། དེ་ལས་ཀྱང་སྐྱེས་པ་ཕོ་དང་ཕོ་འཁྲིག་པ་སྤྱད་པ་ལས་བྱུང་བའི་ཨེ་ཚི་ན་ཚ་ཇེ་མང་དུ་འགྲོ་བཞིན་པ་སོགས་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་པ་སྟེ་ད་ལྟའི་ཆར་རྒྱ་ནག་ནང་ཨེ་ཚི་ན་ཚ་ཁྱབ་བརྡལ་དུ་འགྲོ་བའི་ཤུགས་ཆེ་ཤོས་དེ་འཁྲིག་སྤྱོད་བརྒྱུད་དེ་བྱུང་བཞིན་ཡོད་པ་དང་དེས་མ་ཚད་རྒྱ་ནག་ནང་དུ་ནད་པར་ལྟ་སྟངས་མི་བཟང་བ་དང་མི་སྡེ་སྤྱི ཚོགས་ལས་ལོགས་སུ་དགར་བའི་བྱ་སྤྱོད་ངན་པར་དེ་ཐེར་འདོན་བྱེད་དགོས་ཞེས་ འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་རྒྱ་ནག་ནང་ཡོད་སྐུ་ཚབ་ཁོང་གི་རྩོམ་ཡིག་ནང་དུ་འདི་ལྟར་འཁོད་འདུག

དེ་བཞིན་འདས་པའི་ལོ་ཤས་ནང་དུ་བོད་ཁུལ་དུ་ཨེ་ཙི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་ཡང་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་འདུག

XS
SM
MD
LG