ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གིས་གསང་བའི་འདུས་པའི་རྩ་བརྒྱུད་ཀྱི་བགྲོ་གླེང་ཚོགས་འདུར་བཀའ་སློབ་བསྩལ་པ།


བོད་ཀྱི་བླ་ན་མེད་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་སངས་རྒྱས་ཀྱི་བསྟན་པ་དར་ནས་ལོ་སྟོང་ཕྲག་མང་པོ་སོང་ཡོད་པ་དང་། དུས་དེ་ནས་བཟུང་བསྟན་པ་ལ་དར་རྒུད་ཀྱི་གནས་ཚུལ་རིམ་པར་བྱུང་ཡོད། དེང་སང་ཏག་ཤི་ཤི་ལ། ཝི་ཀྲམ་ཤིལ། ན་ལནྜ་སོགས་གྱང་རོ་ཞིག་ལས་མཇལ་རྒྱུ་མེད། འཛམ་གླིང་ནང་ན་ལཎཌའི་མཁས་པ་ཚོས་གསུངས་པའི་ཆོས་ཚུལ་ལ་ལོ་ཉི་ཤུ་སུམ་ཅུ་སློབ་གཉེར་བྱས་ནས་བསྟན་པ་འཛིན་སྐྱོང་བྱེད་མཁན་བོད་མ་གཏོགས་མེད། བོད་ནང་སངས་རྒྱས་ཀྱི་བསྟན་པ་དར་བ་དེ་རིག་པའི་ལམ་ནས་གཏན་པ་ཕབ་པའི་ཆོས་གཅིག་དར་ཡོད་པ་དེར་དེང་སང་ཚན་རིག་པ་ཚོས་དོ་སྣང་དང་ངོ་མཚར་བྱེད་ཀྱི་ཡོད་ཅེས་གསུངས་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སང་འཛམ་གླིང་དཔལ་ན་ལེནྜའི་ཆོས་ཞིག་འགྲེལ་བཤད་བྱེད་དགོས་བྱུང་ན་བོད་ཡིག་ལས་ལྷག་པའི་སྐད་ཡིག་ཅིག་མེད་པ་དང་། དེས་འཛམ་གླིང་ནང་བོད་མི་རིགས་ཞེས་ཚང་མས་མཐོང་དང་ཆ་འཇོག་ཐོབ་རྒྱུར་ཕན་ཐོགས་བྱས་ཡོད་པ་མ་ཟད། ཆབ་སྲིད་ཐོག་བོད་མི་རིགས་ཞེས་པ་ཆིག་བསྒྲིལ་བྱས་ཏེ་གནས་ཐུབ་རྒྱུར་ནང་ཆོས་ཀྱིས་ཕན་ཐོགས་རྒྱ་ཆེར་བྱས་ཡོད་ཅེས་གསུངས་འདུག ༧གོང་ས་མཆོག་གིས་རྒྱུད་སྟོད་གྲྭ་ཚང་གིས་གོ་སྒྲིག་གནང་བའི་གསང་བ་འདུས་པའི་རྩ་བརྒྱུད་སྐོར་གྱི་བགྲོ་གླེང་ཚོགས་འདུར་བཀའ་སློབ་གནང་ཡོད་པ་རེད།

XS
SM
MD
LG