ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༣༡

རྒྱ་གར་གྱི་ནང་སྲིད་བློན་ཆེན་གྱིས་པ་ཀི་སེ་ཐན་ལ་སྐྱོན་བརྗོད་གནང་ཡོད་པ།


རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་རཇ་ནཐ་ སིང་གིས་པ་ཀི་སེ་ཐན་གྱི་གཞུང་འབྲེལ་གསང་བའི་སྡེ་ཚན་ཚོས་རྒྱ་གར་གྱི་བདེ་འཇགས་མེད་པར་བཟོ་རྒྱུར་འཇིགས་བསྐུལ་གྱི་ལས་ཀ་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་གནང་ནས་པ་ཀི་སེ་ཐན་གྱིས་འཇིགས་བསྐུལ་གྱི་ལས་འགུལ་ནང་ཐེ་བྱུས་ཡོད་མཁན་དེ་རྣམས་གཞུང་གི་ལས་ཁུངས་དང་སྡེ་ཚན་གང་དང་འབྲེལ་བ་མེད་ཅེས་བཤད་པ་དེར་ངོས་ལེན་གནང་མི་འདུག རྒྱ་གར་གྱི་ནང་སྲིད་བློན་ཆེན་རཇ་ནཐ་ སིང་གིས་པ་ཀི་སེ་ཐན་གྱིས་མུ་མཐུད་དེ་རྒྱ་གར་ནང་བདེ་འཇགས་གཏན་ལྷིང་མེད་པར་བཟོ་རྒྱུར་འབད་བརྩོན་བྱས་ཡོད་ནའང། འཇིགས་བསྐུལ་གྱི་ལས་འགུལ་དེ་དག་གི་ནང་གཞུང་གི་སྡེ་ཚན་སོགས་ཐེ་བྱུས་གང་ཡང་མེད་ཅེས་བརྗོད་ཀྱི་ཡོད། པ་ཀི་སེ་ཐན་གྱི་དབུས་གསང་བའི་སྡེ་ཚན་ཨའི་ཨེས་ཨའི་ཞེས་པ་དེ་གཞུང་གི་ལས་ཀ་བྱེད་མཁན་མིན་ནམ་ཞེས་པ་ཀིས་ཐན་ལ་འདྲི་འདོད་བྱུང་ཞེས་གསུངས་འདུག ཡང་ཁོང་གིས་གསུངས་དོན ཨའི་ཨེས་ཨའི་ཨེས་ཟེར་བའི་ཁ་ཆེའི་རྒྱལ་འཛུགས་དྲག་སྤྱོད་སྒྲིག་འཛུགས་དེ་རྒྱ་གར་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཀྱི་ཕྱི་ལ་མ་གཏོགས་མེད་པ་ཞིག་གཏན་ནས་མིན། ལྷག་པར་དུ་རྒྱ་གར་གྱི་ན་གཞོན་འགའ་ཞིག་གིས་སྒྲིག་འཛུགས་དེར་དགའ་ཞེན་བྱེད་མཁན་བྱུང་ཡོད། དེ་ལས་ལྷག་པ་ཨའི་ཀའི་ཌ་དྲག་སྤྱོད་སྒྲིག་འཛུགས་ཀྱི་ཡན་ལག་རྒྱ་གར་ནང་གསར་འཛུགས་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་ཅེས་གསུངས་འདུག

XS
SM
MD
LG