ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་ས་གནས་འོས་འདེམས་དང་རྒྱ་ནག


士气
士气

བདུན་ཕྲག་འདིའི་གཟའ་སྤེན་པའི་ཉིན་ཐེ་ཝན་རྒྱལ་ཡོངས་སུ་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་པ་དང་རྫོང་སྡེ་ཁག་གི་རྫོང་དཔོན་རྣམས་འོས་འདེམས་བྱེད་ཀྱི་ཡོད་པས། ད་ཐེངས་ཀྱི་འོས་འདེམས་འདི་ཐེ་ཝན་མི་དམངས་ཀྱིས་སྔར་བཞིན་གཞུང་འཛིན་གོ་མིན་ཏང་ལ་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་སྐམ་ས་ཆེན་མོར་དཔལ་འབྱོར་འབྲེལ་བ་རྒྱ་སྐྱེད་གཏོང་གི་ཡོད་པའི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་པའམ། ཡང་ན་ཐེ་ཝན་གྱི་གཞུང་འཛིན་ཚོགས་པར་སྒྱུར་བཅོས་གཏོང་རྒྱུ་དང་། ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ཐེངས་རྗེས་མའི་སྐབས་སུ་གོ་མིན་ཏང་ལ་ཕམ་ཉེས་འབྱུང་རྒྱུ་ཡིན་མིན་གྱི་སྔར་ལྟས་ཤིག་མཚོན་གྱི་ཡོད་ཅིང་། གལ་སྲིད་གཟའ་མཇུག་འདིའི་འོས་འདེམས་སྐབས་སུ་གོ་མིན་ཏང་ལ་ཕམ་ཉེས་བྱུང་ཚེ། ཕྱི་ལོ་༢༠༡༦་ལོར་ཐེ་ཝན་གྱི་ཁ་གཏད་ཚོགས་པ་མིན་ཅིན་ཏང་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཆེ་རུ་སོང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG