ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཁེ་ན་ཊའི་ནང་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་པ།


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉིན་གྲངས་དྲུག་རིང་ཁེ་ན་ཊར་འཚམས་གཟིགས་གནང་སྒོ་ལེགས་གྲུབ་བྱུང་སྟེ། ཨ་མི་རི་ཀར་མཛད་དོན་དབུ་བཙུགས་གནང་ཡོད་ཅིང་། དེ་ཡང་། ཟླ་བ་འདིའི་ཕྱི་ཚེས་༢༡ ནས་ཟླ་བ་རྗེས་མའི་ཕྱི་ཚེས་༥ བར་ཁྱོན་ཉིན་གྲངས་༡༥ ཙམ་རིང་སྲིད་སྐྱོང་མཆོག་གིས་ཁེ་ན་ཊ་དང་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་གྲས་བརྒྱད་ཙམ་ལ་ཕྱོགས་བསྐྱོད་གནང་སྟེ་ས་གནས་བོད་མི་དང་ས་གནས་ཀྱི་ཆབ་སྲིད་མི་སྣ། དེ་བཞིན། གསར་འགོད་པ་སོགས་མཇལ་འཕྲད་ཀྱི་མཛད་འཆར་དུ་མ་ཞིག་ཡོད་ཅིང་། ཟླ་བ་འདིའི་ཕྱི་ཚེས་༢༡ ནས་༢༦ བར་ཁེ་ན་ཊར་འཚམས་གཟིགས་གནང་པའི་རིང་། ཁོང་གིས་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཤིག་ལ་ལྷན་བཞུགས་གནང་ཡོད་པ་དང་། ཡུལ་དེའི་ནང་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་གནང་སྟེ། དབུ་མའི་ལམ་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཁག་གསལ་བརྗོད་གནང་ཡོད་འདུག ད་ཆ་ཁེ་ན་ཊའི་མཛད་དོན་ཁག་གྲུབ་སྟེ་ཨ་མི་རི་ཀར་འཚམས་གཟིགས་དབུ་འཛུགས་གནང་ཡོད་པ་རེད།

XS
SM
MD
LG