ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཧོང་ཀོང་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ།


རྒྱ་ནག་གི་ཕྱི་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་ཁག་དང་གཞན་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་མཉམ་རུབ་ཐོག་ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་ཞུ་ཡིག་གསལ་བསྒྲགས་བྱས་ཡོད་པ་རེད། གསལ་བསྒྲགས་དེའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧོང་ཀོང་གི་མི་མང་ཚོར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་དང་དེ་བཞིན་ཧོང་ཀོང་གི་གཞུང་ནས་ངོ་རྒོལ་གྱི་ལས་འགུལ་བ་དང་མཉམ་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་བྱེད་དགོས་པ་སོགས་དགོས་འདུན་ཁག་གསུམ་བཏོན་ཡོད་པ་རེད།

XS
SM
MD
LG