ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཐེ་ལེན་ཌིར་ལོ་རྗེས་མ་འཆར་གཞི་ལྟར་འོས་བསྡུ་བྱེད་ཐུབ་རྒྱུ་མིན་པ།


ད་ལྟ་དམག་སྤྱི་ཟུར་པའི་བཀོད་འདོམ་འོག་དྲག་པོའི་ཁྲིམས་བཞི་འསྡོམ་སྟེ་ཡོད་པའི་ཐེ་ལེན་ཌིའི་འགན་ཁུར་མི་སྣ་ཚོས། དེ་སྔོན་ནས་ཁས་བླངས་པ་ལྟར་ལོ་རྗེས་མའི་ནང་འོས་བསྡུ་བྱེད་ཐུབ་རྒྱུ་ཡིན་པའི་རྣམ་པ་ཞིོག་མཐོང་གི་མི་འདུག་ཅེས་བརྗོད་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས། ཡུལ་དེའི་དྲག་དཔུང་སྲིད་གཞུང་གིས་སྔོན་ནས་བཤད་པའི་ཁས་ལེན་ལག་ལྟར་བྱེད་རྒྱུའི་རྣམ་པ་སྔོན་ནས་མེད་པ་དང་། ཡུལ་དེའི་ནང་ སྲིད་དོན་གྱི་ལས་འགུལ་སྤེལ་མི་འཇུག་པའི་ཁོར་ཡུག་གི་ནང་རང་དབང་གི་ཐོག་ནས་འོས་བསྡུ་ཡོང་རྒྱུ་ཁག་པ་རེད་བརྗོད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG