ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མི་༡༢ ལ་ཁྲིམས་ཐག་བཅད་ཅིང་དགེ་འདུན་པ་གཅིག་འཛིན་བཟུང་།


སྤྱི་ལོ་༢༠༡༢ལོའི་ཟླ་དང་པོའི་ནང་དུ་ཁམས་བྲག་མགོའི་བོད་མི་སེར་སྐྱ་མང་ཚོགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་དམ་དྲག་གི་སྲིད་ཇུས་ལ་ངོ་རྒོལ་རྔ་སྟོན་ཁྲོམ་སྐོར་བྱེད་སྐབས། ཉེན་རྟོག་པས་གང་བྱུང་མི་མང་གི་ཁྲོད་དུ་མེ་མདའ་བརྒྱབ་པ་ལས་བོད་མི་གསུམ་དམར་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་ལ། བོད་མི་༥༠ལྷག་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་བྱུང་ཡོད། སྐབས་དེ་དུས་ཀྱི་ཞི་རྒོལ་བ་བོད་མི་མང་པོ་ཞིག་སྔ་ཕྱི་རིམ་པས་འཛིན་བཟུང་བཀག་ཉར་བྱས་ཀྱང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་མེད་དང་བཙོན་ཁང་གང་དུ་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད་ཅིང་། ཡིན་ན་ཡང་ ད་ལྟ་གནས་ཚུལ་ཐོན་པའི་ནང་དུ་སྐབས་དེ་དུས་འཛིན་བཟུང་བྱས་ཟིན་པའི་བོད་མི་ཁག་ཅིག་ལ་གསང་བའི་སྒོ་ནས་ལོ་ངོ་བཅུ་ལས་མང་བའི་ཁྲིམས་ཐག་བཅད་དེ་དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་ཡོད་པའིོ་ར་ལྔ་ཁ་བཙོན་ཁང་དུ་བཅུག་ཡོད་པ་རེད། དེ་བཞིན་དེ་རིང་ཁམས་སེར་ཤུལ་རྫོང་དུ་ཏུ་བོད་ཀྱི་དགེ་འདུན་པ་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་ཡོད་པའི་འཕྲེད་དར་ཞིག་ལག་ཏུ་བཟུང་ཏེ་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་བྱེད་པའི་སྐབས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG