ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བལ་ཡུལ་དུ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཚོགས་རྒྱུ།


རྒྱ་གར་དང་པ་ཀི་སི་ཏན་གཙོས་པ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བརྒྱད་ཀྱི་ཕྱི་སྲིད་བློན་ཆེན་བལ་ ཡུལ་དུ་ས་ཁུལ་གྱི་ཚོགས་ཆེན་གྲ་སྒྲིག་བྱེད་ཆེད་ཕེབས་ཡོད་པ་རེད། གཟའ་ལྷག་པ་དང་གཟའ་ཕུར་ བུ་ལ་ལྷོ་ཤར་ཨ་ཤེ་ཡའི་ས་ཁུལ་མཉམ་ལས་མཐུན་ཚོགས་ཀྱི་འཚོག་ཆེན་བལ་ཡུལ་དུ་ཚོགས་རྒྱུ་ཡིན་པ་དང་། ཚོགས་ཆེན་དང་སྟབས་བསྟུན། ཚོགས་མི་རྒྱལ་ཁབ་ཕན་ཚུན་རྒྱལ་འབྲེལ་གྱི་གྲོས་མོལ་ཡང་གནང་རྒྱུ་ཡིན་ཞིང་། གཟའ་མིག་དམར་ཉིན་རྒྱ་གར་གྱི་ཆུ་མཛོད་གློག་ཁང་ཆེ་ཁག་ཞིག་གིས་བལ་ཡུལ་གཞུང་དང་ཨ་སྒོར་ཐེར་འབུམ་གཅིག་གནས་པའི་ཆུ་མཛོད་གློག་ཁང་གསར་རྒྱག་བྱེད་རྒྱུའི་ཚོང་འབྲེལ་གན་རྒྱ་བཞག་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG