ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་ས་མཚམས་གྲོས་མོལ་པ་དམིགས་བསལ་སྐུ་ཚབ།


རྒྱ་གར་གྱི་སྲིད་བློན་མོ་ཏི་ལ་འབྲེལ་བ་ཧ་ཅང་ཉེ་བོ་ཡོད་པའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ། ཨ་ཇིཏ་དོ་ཧྦལ་རྒྱ་གར་གྱི་དམིགས་བསལ་སྐུ་ཚབ་ལ་བསྐོ་བཞག་བྱས་ཏེ། ཁོང་དང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཁྲི་གཉིས་ཀྱིས་རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་ཁག་ལ་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུ་དང་། ས་མཚམས་ཀྱི་རྩོད་གཞི་དེས་རྒྱ་དཀར་ནག་གི་ཚོང་ལས་དང་དཔལ་འབྱོར་འབྲེལ་བ་ཡར་རྒྱས་གཏོང་མི་ཐུབ་པའི་འགོག་རྐྱེན་འཕྲད་ཡོད་སེལ་ཐབས་བྱ་འཆར་ཡོད་པ་སྟེ། ཁ་སྔོན་ཕྱི་ཟླ་༩་ནང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་རྒྱ་གར་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ལ་དྭགས་ནུབ་ཕྱོགས་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྒོལ་འཛིང་ཐུག་གྲབས་བྱུང་ཡོད་ཅིང་། སྐབས་དེར་རྒྱ་དཀར་ནག་གི་འགོ་ཁྲིད་རྣམ་པས་ས་མཚམས་ཀྱི་རྩོད་གཞི་དེ་དག་ཐག་གཅོད་བྱ་རྒྱུར་སྔར་ལས་ལྷག་པའི་ཆོད་སེམས་བརྟན་པོ་བཙུགས་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལ་རྒྱ་དཀར་ནག་གི་ས་མཚམས་གྲོས་ཐེངས་༡༧་བྱས་པ་མགྱོགས་ཙམ་ཐག་གཅོད་ཐུབ་པའི་རེ་བ་འཆང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG