ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཨོ་བྷཱ་མ་མཆོག་གིས་པ་ཀིསྟཱན་གྱི་སྲིད་བློན་ལ་ཞལ་དཔར་གནང་ཡོད་པ།


རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེན་རྡྲ་མོ་རྡི་མཆོག་ཉེ་དུས་ཕྱི་ཟླ་དགུ་པའི་ནང་རྒྱལ་ཚོགས་ཀྱི་ཚོཌ་ཆེན་ལ་ཕེབས་པའི་ཞོར་དུ་འདི་ག་ཨ་མི་རི་འི་རྒྱལ་ས་ཝཱ་ཤིང་ཀྲན་ལ་ཕེབས་པའི་སྐབས་ ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷཱ་རག་ཨོ་བྷཱ་མ་མཆོག་དང་མཇལ་འཕྲད་གནང་སྟེ་སྲིད་འཛིན་ཨོ་བྷཱ་མ་མཆོག་རྒྱ་གར་གྱི་མང་གཙོའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཕེབས་དགོས་པའི་གདན་ཞུའི་མགྲོན་བརྡ་ཕུལ་དོན་བཞིན། སྲིད་འཛིན་ཨོ་བྷཱ་མ་མཆོག་རིང་མིན་ཕྱི་ཟླ་དང་པོའི་ཚེས་༢༦གི་ཉིན་རྒྱ་གར་གྱི་མང་གཙོའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཕེབས་འཆར་ཡོད་པ་དང་། སྲིད་འཛིན་ཨོ་བྷཱ་མ་མཆོག་རྒྱ་གར་ལ་ཕེབས་འཆར་ཡོད་པའི་གཞུང་འབྲེལ་གྱི་གསལ་བསྒྲཌ་དེ་གཟའ་པ་སངས་ཀྱི་ཉིན་གནང་མ་ཐག་ཆུ་ཚོད་ཁ་ཤས་ཀྱི་རྗེས་སྲིད་འཛིན་མཆོག་ཨ་མི་རི་ཀའི་སྲིད་འཛིན་གྱི་གནམ་གྲུའི་ནང་འདི་ག་རྒྱལ་ས་ཝཱ་ཤིང་ཀྲོན་ནས་གྲོང་ཁྱེར་ལོ་སི་ཕེ་གྷསི་ལ་ཕེབས་པའི་སྐབས་པཱ་ཀིསྟཱན་གྱི་སྲིད་བློན་སྐུ་ཞབས་ཤ་རཱིཕ་མཆོག་ལ་ཞལ་དཔར་གནང་སྟེ། ཨ་མི་རི་ཀས་རྒྱ་གར་ཙམ་མ་ཟད་ཀིསྟཱན་དང་མཉམ་དུ་ཡང་འབྲེལ་ལམ་བཟང་པོ་རྒྱུན་འཛིན་གནང་རྒྱུ་རྩ་ཆེར་འཛིན་གྱི་ཡོད་ལུགས་གསུངས་ཡོད་འདུག

XS
SM
MD
LG