ངོ་འཕྲད་བདེ་བའི་དྲ་འབྲེལ།

མཱོ་དཱི་ཡིས་ཨོ་བྷ་མ་མགྲོན་འབོད་གནང་བར་ཞལ་བཞེས༌གནང་བ།


རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེན་དཱ་མཱོ་དཱི་མཆོག་གིས་འདི་ལོའི་རྒྱ་གར་རང་བཙན་དུས་ཆེན་ཉིན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨ་རིའི་སྲིད་འཛིན་སྐུ་ཞབསཨོ་བྷ་མ་མཆོག་གདན་ཞུ་གནང་བ་ལྟར་ཨ་རིའི་སྲིད་འཛིན་མཆོག་གིས་མགྲོན་ཤོག་དེར་ངོས་ལེན་གནང་ཡོད་པ་རེད། དེ་ནི་ཡུལ་གཉིས་ཀྱི་འབྲེལ་ལམ་དེ་བཟང་དུ་འགྲོ་གྱི༌ཡོད་པའི་རྟགས་མཚན་ཞིག་ཡིན་པ་རེད། སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་གར་རང་བཙན་དུས་ཆེན་ཉིན་མགྲོན་འབོད་གནང་བ་ཐོག་མར་དེ་ཆགས་ཀྱི་ཡོད། འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྱི་སྲིད་བློན་མཱོ་དཱི་མཆོག་ཨ་རིའི་ཕོ་བྲང་དཀར་པོར་གདན་ཞུ་བྱུང་སྟེ་རྒྱ་གར་དང་། ཨ་རིའི་ཡུལ་གཉིས་དབར་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་པ་སོགས་ཀྱི་སྐོར།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG