ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གཞུང་གིས་ཐོབ་ཐང་དོན་གཉེར་བ་ཞིག་ལ་ཁྲིམས་བཤེར་བྱ་འཆར་ཡོད་པ།


རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཡུལ་དེའི་ཧ་ཅང་གྲགས་ཆེ་བའི་གསར་འགོད་པ་ཞིག་ལ་རྒྱལ་ཁྱབ་གྱི་གསང་བ་ཕྱི་རྒྱར་བྱས་པའི་ནག་ཉེས་བཙུགས་ཏེ་ཁྲིམས་བཤེར་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ད་རིང་རེས་གཟའ་པ་སངས་ཉིན་ རྒྱ་ནག་གཞུང་གིས་ ཡུལ་དེའི་གྲགས་ཆེ་བའི་ལས་འགུལ་བ་ཞིག་ལ་ཁྲིམས་བཤེར་བྱ་འཆར་ཡོད་པ་འདིས་ད་ལྟའི་རྒྱ་ནག་གི་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ཞེས་པ་འདིའི་སྐྱོན་ཆ་དང་སྟོང་ཆ་གསལ་སྟོན་བྱེད་ཀྱི་ཡོད་རེད་ཅེས་ རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འགྲེལ་བརྗོད་གནང་ཡོད་ཅིང། ལྕམ་ཀའོ་ཡུལ་ ནི་ རྒྱ་ནག་ནང་གི་གསར་འགོད་པ་ཧ་ཅང་གྲགས་ཆེ་བ་དང་ཆེ་མཐོང་ཡོད་པ་ཞིག་ཡིན་ཞིང། ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་རྒྱར་བྱས་ཡོད་པའི་ཉེས་བཙུགས་བྱས་ཡོད་པ་ལྟར་ རྒྱ་གཞུང་གི་ཁྲིམས་ཁང་གིས་ ཁོང་ལ་ཚེ་བཙོན་གྱི་ཉེས་ཆད་འགེལ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་གུ་ཡངས་ཀྱི་ལྟ་བ་དང་བསམ་ཚུལ་ཁག་བཀག་བསྡོམས་དང་དམ་དྲག་བྱེད་ཕྱོགས་ཀྱི་ནང་མའི་ཡིག་ཆ་ཞིག་རང་ལོ་༧༠ སོན་པའི་རྒྱ་ནག་གི་གསར་འགོད་པ་ལྕམ་ཀའོ་ཡུལ་ ལ་གསང་བ་ཕྱི་རྒྱར་བྱས་ཡོད་པ་རྒྱ་ནག་གིས་ཉེས་བྱས་ཀྱི་ཡོད་པ་ལྟར། ཁོང་ལ་གོང་གསལ་ཡིག་ཆ་དེ་ཕྱི་རྒྱལ་གྱི་དྲ་རྒྱར་ཆེད་མངགས་མཁོ་སྤྲོད་བྱས་ཡོད་པ་སོགས་ཉེས་བཙུགས་བྱས་ཏེ་ འདི་ལོའི་ཟླ་བ་བཞི་པར་མོ་རང་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG