ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྷི་ལི་པིན་གྱི་སྲིད་འཛིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་དཀའ་རྙོག་སེལ་རྒྱུའི་རེ་བ།


ཕྷི་ལི་པིན་དང་ རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐ་ཞན་དུ་གྱུར་ཏེ་ཟླ་བ་འགའ་ཤས་ཤིག་ཕྱིན་པའི་རྗེས་ གཟའ་འཁོར་སྔོན་མ་རྒྱ་ནག་གི་ནང་། ཨེ་ཤི་ཡ་དང་ ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཞོར་དུ་ ཕྙི་ལི་པིན་གྱི་སྲིད་འཛིན་དང་ རྒྱ་ནག་གི་སྲིད་འཛིན་ཟུར་དུ་ཐུག་འཕྲད་བྱས་ཏེ་ ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་དབང་ཐད་ རྒྱ་ནག་གི་སྲིད་འཛིན་གྱིས་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་ལང་ཕྱོགས་འཛིན་གྱི་ཡོད་པར་ཕྷི་ལི་པིན་གྱི་སྲིད་འཛིན་གྱིས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ དེ་ཡང་ཕྷི་ལི་པིན་གྱི་སྲིད་འཛིན་གྱིས་ ང་ཚོ་ཕྷི་ལི་པིན་དང་ རྒྱ་ནག་གཉིས་ཕན་ཚུན་ཐུག་འཕྲད་གྲོས་མོལ་བྱས་པ་དེ་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ གང་ཡིན་ཞེ་ན་ དེས་དཀའ་རྙོག་རྣམས་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་རེ་བ་ཡོད་པ་དང་ དེའི་གོང་དུ་ཕྷི་ལི་པིན་དང་ རྒྱ་ནག་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་ཕར་ཞོག་ ཕན་ཚུན་འཁོན་འཛིན་གྱི་རྣམ་པ་ཤུགས་ཆེ་བྱུང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG