ངོ་འཕྲད་བདེ་བའི་དྲ་འབྲེལ།

འཛམ་གླིང་ཧིན་དྷུའི་ཚོགས་ཆེན་དབུ་འབྱེད་ལ་༧གོང་ས་མཆོག་གིས་བཀའ་སློབ་གནང་རྒྱུ།


རེས་གཟའ་པ་སངས་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དིལླི་གསར་པའི་ནང་འཛམ་གླིང་ཧིན་དྷུ་ཆོས་ལུགས་ཀྱི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་བཀའ་སློབ་གནང་གཏན་འཁེལ་འདུག་པ་དང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ནང་ཐོན་པར་གཞིགས་ན་ལྷན་ཚོགས་དེ་འཛམ་གླིང་ཧིན་དྷུ་ཆོས་ལུགས་ལྷན་ཚོགས་ཀྱིས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང། ཉིན་གསུམ་གྱི་ཚོགས་ཆེན་དེར་འཛམ་གླིང་རྒྱལ་ཁབ་བཞི་བཅུ་ཙམ་ནས་འཐུས་མི་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་འཛོམས་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག ཚོགས་ཆེན་དེར་རྒྱ་གར་གྱི་གཞུང་འཛིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ཨ་མིཏ་ ཤཱ་དང་རཤ་ཏྲི་ཡ་ སྭ་ཡམ་སེ་ཝག་ སངྒ་ཞེས་པའི་རྒྱ་གར་གྱི་ཧིན་དྷུ་ཆོས་ལུགས་ཀྱི་སྒྲིག་འཛུགས་ཆེ་ཤོས་ཀྱི་ཚོགས་གཙོ་མོ་ཧན་ བྷག་ཝཏ་དང་དེ་མིན་རྒྱ་གར་དབུས་གཞུང་གི་བློན་ཆེན་མང་པོ་མཉམ་ཞུགས་གནང་ནས་ཉིན་གསུམ་གྱི་ཚོགས་ཆེན་ལ་གཏམ་བཤད་གནང་རྒྱུ་ཡིན་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་བཀོད་པར་གཞིགས་ན་ཚོགས་ཆེན་དེ་གོ་སྒྲིག་བྱེད་མཁན་ཚོས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཚོགས་ཆེན་ལ་མགྲོན་འབོད་ཞུས་ཡོད་ནའང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རི་དང་ཁེ་ནེ་ཌར་ཕེབས་རྒྱུའི་ལས་རིམ་སྔོན་ནས་གོ་སྒྲིག་ཟིན་ཡོད་པར་བརྟེན་ཁོང་གི་ཚབ་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ཕེབས་རྒྱུ་གཏན་འཁེལ་ཟིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG