ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་སེ་ཊི་ལི་ཡའི་གཞུང་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ ཨོ་སེ་ཊི་ལི་ཡའི་གྲོས་ཚོགས་སུ་ཕྱི་ཟླ་༡༡པའི་ཚེས་༡༧་ཉིན་གསུང་བཤད་ གནང་བར་མགྲོན་འབོད་ཞུ་རྒྱུའི་ཆེད་དུ་ཚད་ལས་བརྒལ་བའི་བྱ་ཐབས་འགའ་ ཞིག་ལག་བསྟར་བྱས་ཡོད་པ་འདི་ནི། ཡུལ་གྲུ་དེ་གཉིས་ཀྱི་དབར་རང་དབང་ ཚོང་འབྲེལ་གྱི་གྲོས་མཐུན་འཇོག་ཐུབ་པའི་ཆེད་དུ་བྱས་པ་ཞིག་ཡིན་པར་མི་ རྣམས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་ནི། དམངས་ གཙོའི་ལམ་ལུགས་དང་ལྡན་པའི་འོས་བསྡུའི་ལམ་ནས་བསྐོ་འདེམས་བྱུང་པ་ ཞིག་མིན་པ་མ་ཟད། སྲིད་འཛིན་ཞི་ཅིན་པིང་གིས། རྒྱ་ནག་གི་ནང་འདས་པའི་ ལོ་ངོ་བཅུ་ཕྲག་མང་པོའི་རིང་བྱུང་མ་མྱོང་བའི་དམངས་གཙོའི་ལམ་ལུགས་སྤྱི་ དང་ཁྱད་པར་དུ་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་དམིགས་ བསལ་གྱི་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། གནས་འཕྲིན་དྲ་འབྲེལ་ལ་ སྟངས་འཛིན་ཧ་ཅང་གི་ནན་པོ་བྱེད་པ་སོགས་གསར་འགོད་ཀྱི་རང་དབང་ རྩ་བ་ནས་མེད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དགོས་མཁོ་ཁག་སྒྲུབ་ ཐབས་སུ། ཁྲིམས་ཀྱི་ལམ་ལུགས་ལ་སྟངས་འཛིན་བྱས་ཏེ། བོད་དང་ཤིན་ཅང་ བཅས་མི་རིགས་དང་ཡུལ་ལུང་བྱེ་བྲག་པའི་ས་ཁུལ་ཁག་གི་ནང་འགྲོ་བ་མིའི་ ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་བྱ་སྤྱོད་ཁག་ བཀག་འགོག་བྱ་ཐབས་ཙམ་མི་བྱེད་མཁན་གྱི་རྒྱལ་ཁབ་གཅིག་གི་འགོ་ཁྲིད་ ལ་དེ་ལྟ་བུར་འགོ་འབུལ་ལུས་འབུལ་བྱེད་དགོས་དོན་གང་ལ་ཐུགས་ཡོད་དམ་ ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་རྟོག་བྱེད་མཁན་འགྲོ་བ་ མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་འགོ་ཁྲིད་ལྕམ་Sophie Richardson གྱིས་ཨོ་སེ་ཊི་ལི་ཡར་སྐྱོན་བརྗོད་དང་འབྲེལ། གནས་ལུགས་ངོ་མ་ངོ་སྤྲོད་གནང་ ཡོད་འདུག

XS
SM
MD
LG