ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོསེ་ཀྲེ་ལི་ཡའི་ནང་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱས་པ།


རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ཨོསེ་ཀྲེ་ལི་ཡའི་གྲོས་ཚོགས་སུ་འབྱོར་སྐབས་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྒྱ་རིགས་སོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་འདུག་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིན་ཨོསེ་ཀྲེ་ལི་ཡའི་གྲོང་ཁྱེར་བྷི་རིས་བྷན་ནང་འཛམ་གླིང་ནང་གི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་དཔལ་འབྱོར་མཐུན་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ཚོགས་འདུ་གྲུབ་རྗེས་ཨོསེ་ཀྲེ་ལི་ཡའི་སྲིད་བློན་ཀྲོ་ནི་ ཨེ་བྷོཌ་ཀྱི་ལྷན་དུ་ཚོང་དོན་སོགས་རྒྱལ་ཁབ་གཉིས་འབྲེལ་བ་གོང་འཕེལ་གཏོང་ཕྱོགས་སུ་གྲོས་བསྡུར་བྱ་རྒྱུའི་ཆེད་རྒྱལ་ས་ཁ་བྷེ་ར་ལ་འབྱོར་ཡོད་པ་རེད། ཁེན་བྷ་རའི་ནང་ངོ་རྒོལ་སྐད་འབོད་ལས་འགུལ་སྐོར་ལ་ཨོསེ་ཀྲེ་ལི་ཡའི་རྒྱལ་ས་ཁེན་བྷ་ར་བོད་རིགས་ཚོགས་པའི་ཚོགས་གཙོ་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ ངོ་རྒོལ་སྐད་འབོད་དེར་གཙོ་བོ་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་༧གོང་ས་མཆོག་དང་གྲོས་མོལ་བྱེད་དགོས་པའི་དགོས་འདུན་བཏོན་ཏེ་སྐད་འབོད་བྱས་ཡོད་པ་དང་། ཞི་ཅིན་པིང་གྲོས་ཚོགས་སུ་གཏམ་བཤད་མ་བྱས་གོང་ལྗངས་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མིའི་ལྷན་དུ་གྲོས་བསྡུར་ཆེད་གྲོས་ཚོགས་ནང་བོད་མིའི་སྐུ་ཚབ་ཀྱང་ཆེད་འགུགས་གནང་བ་སོགས་ལས་དོན་འདོད་བློ་ཁེངས་པ་བྱུང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG