ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འབྲི་རུ་རྫོང་དུ་བཙུན་མ་༢༦་དགོན་པ་ནས་ཕྱིར་འབུད་བཏང་བ།


རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོའི་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཡོད་པའི་ཁམས་ནགས་ཤོད་འབྲི་རུ་རྫོང་ཁོངས་བྱ་མདའ་དགོན་པའི་བཙུན་མ་༢༦་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པ་དང་། ད་ལྟ་དགོན་པ་དེའི་ནང་ལས་དོན་རུ་ཁག་བསྡད་ནས་བོད་ཀྱི་སྐད་ཡིག་སློབ་ས་ཡོད་པའི་བཙུན་དགོན་དེའི་ནང་ས་ཁུལ་གཞན་ནས་བཙུན་མ་ཡོང་མི་ཆོག་པ་བཟོ་བཞིན་ཡོད་པ་རེད། གནས་ཚུལ་མཁོ་སྤྲོད་གནང་མཁན་རྒྱ་གར་ནང་ཡོད་པའི་དབུས་བཞི་སྒང་དྲུག་གི་དྲུང་གཞོན་དང་རྡ་སའི་ས་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པ་ལགས་ཀྱིས་བརྗོད་པ་ལྟར་ན། ད་དུང་ཡང་བཙུན་མ་འགའ་ཤས་རི་ལ་ཡེབས་ཏེ་བསྡད་ཡོད་པ་དང་། ཁོང་ཚོར་འཚོ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། བྱ་མདའ་དགོན་ཟེར་བའི་བཙུན་དགོན་དེའི་ནང་སུམ་རྟགས་དག་གསུམ་སོགས་བོད་ཀྱི་སྐད་ཡིག་འཛིན་རིམ་༩་པ་བར་སྦྱོང་ས་ཡོད་པར་བརྟེན་ནས་དགོན་པ་དེའི་ནང་མདོ་དབུས་ཁམས་ཀྱི་ས་ཁུལ་གཞན་ནས་བཙུན་མ་ཡོང་གི་ཡོད་པ་རེད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG