ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དུས་དྲན་སྲུང་བརྩི།


ཕ་ཡུལ་གླེང་སྟེགས་ནང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོི་དུས་དྲན་ཐེངས་༣༣་པ་སྲུང་བརྩི་གནང་བའི་ཐད་བགྲོ་གླེང་ཞུས་ཡོད།།

གཟའ་སྤེན་པའི་ཉིན་བཞུགས་སྒར་དྷ་རམ་ས་ལའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་དུས་དྲན་ཐེངས་༣༣་པ་སྲུང་བརྩི་གནང་བ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་ཕ་ཡུལ་གླེང་སྟེགས་སུ་ངོ་སྤྲོད་གནང་དོན་དུ། ཕྱི་ལོ་༢༠༠༨་ནས་ད་རག་བར་བོད་ཀྱི་རྩོམ་པ་པོ་བཞི་བཅུ་ལྷག་རྒྱ་ནག་གི་བཙོན་འོག་ཏུ་ཚུད་དེ་མནར་གཅོད་མྱངས་པ་རེད་ཟེར།།

སྲུང་བརྩིའི་མཛད་སྒོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། དབུས་སྤྱི་འཐུས་རྒྱུན་ལས་ཁག་ཅིག ད་རུང་འཇར་མན་ནས་ཕེབས་པའི་རྒྱ་རིགས་རྩོམ་པ་པོ་ཀྲང་པེན་ལགས་བཅས་ཕེབས་ཡོད་པ་དང་། ཁྱོན་བསྡོམས་མི་༡༠༠་ཙམ་འདུ་འཛོམས་གནང་སྟེ་སྲུང་བརྩི་གནང་བ་རེད།།

བཙོན་འོག་གི་རྩོམ་པོ་པོའི་ཉིན་མོ་སྲུང་བརྩིའི་མཛད་སྒོའི་སྟེང་ད་རུང་རྒྱ་ནག་གི་བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྩོམ་པ་པོ་གཉིས་ཏེ་བླ་བྲང་འཇིགས་མེད་རྒྱ་མཚོའམ་འཇིགས་མེད་མགོ་རིལ་ལགས་ཀྱི་༼དཀའ་སྡུག་གི་ཟིན་ཐོ་༽དང་། བྱ་མདོ་རིན་བཟང་ལགས་ཀྱི་༼མི་རིགས་ཀྱི་བདེན་སྟོབས་༽་ཞེས་པའི་དཔེ་དེབ་གཉིས་ཀྱང་དབུ་འབྱེད་གནང་བ་རེད།།

XS
SM
MD
LG