ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་ཨཽ་བྷ་མ་ཡིས་ཨེ་ཤི་ཡེའི་འཚམས་འདྲི་མཇུག་བསྒྲིལ་གནང་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ། པེ་ཅིང་དུ། ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ལ་ཚོགས་བཞུགས་གནང་སྒོ་ཁག་ལེགས་པར་གྲུབ་པའི་རྗེས། ཨོས་ཏྲེ་ལི་ཡེའི་གྲོང་ཁྱེར་བྷི་རིས་བན་དུ། འཛམ་གླིང་གི་དཔལ་འབྱོར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་ལ་ཚོགས་བཞུགས་གནང་ཡོད་པ་དེ་ཡང་། རེས་གཟའ་ཉི་མའི་ཉིན་ལེགས་པར་མཇུག་བསྒྲིལ་ཡོད་ཅིང་། ཐེངས་འདིའི་རྒྱལ་དོན་འཚམས་འདྲི་གནང་སྒོ་ཁག་ནི། འདི་ལོའི་སྤྱི་ཟླ་བཞི་པར་གླིང་ཆེན་ཨེ་ཤི་ཡེའི་ནང་འཚམས་འདྲི་གནང་ཡོད་པ་དེ་ལས་ཀྱང་ཧ་ཅང་གི་གྲུབ་འབྲས་ཆེ་བ་དང་དོན་སྙིང་ལྡན་པ་བྱུང་ཡོད་པར་དཔྱད་གཏམ་པ་ཚོས་འགྲེལ་བརྗེད་བྱེད་ཀྱི་ཡོད་པ་རེད། ཐེངས་འདིར་སྐུ་ཞབས་ཨཽ་བྷ་མ་ཡིས། རྒྱ་ནག་དང་ཚོང་དོན་གྱི་གྲོས་མཐུན་བཞག་ཐུབ་པ་ཙམ་མ་ཟད་ ཁོར་ཡུག་གི་ཐད་ལའང་གལ་ཆེའི་གྲོས་མཐུན་ཞིག་བཞག་ཐུབ་པ་བཅས་ཀྱི་གྲུབ་འབྲས་ཆེན་པོ་སོན་ཐུབ་ཡོད་པ་དེའི་ཐོག་ནས། ཨོས་ཏྲེ་ལི་ཡེའི་ནང་གི་ཚོགས་འདུའི་ཐོག ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་ཁུལ་ལ་འཛིན་པའི་ཨ་མི་རི་ཀའི་གཞུང་གི་སྲིད་བྱུས་རྣམས་ཞིབ་ཕྲ་གསལ་སྟོན་བྱ་རྒྱུར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG