ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ཉེ་ཧོང་དེ་བཞིན་ཨོེསེ་ཊོ་ལ་ཡའི་དབར་བདེ་འཇགས་འབྲེལ་ལམ་ཇེ་བཟང་དུ་གཏང་རྒྱུའི་ཁས་ལེན།


ཨ་མི་རི་ཀའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་དང་ ཨོསེ་ཊོ་ལི་ཡའི་སྲིད་བློན་ དེ་བཞིན་ ཉེ་ཧོང་གི་སྲིད་བློན་བཅས་གསུམ་གྱིས་ཡུལ་གྲུ་གསུམ་ད་ཡོད་བདེ་འཇགས་འབྲེལ་ལམ་དེ་ཇེ་བཟང་དུ་གཏང་རྒྱུ་དང་འབྲེལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་ཁུལ་བདེ་འཇགས་ཐད་ ཡུལ་གྲུ་གསུམ་མཉམ་ལས་ཀྱི་ལས་དོན་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་ཁས་ལེན་གནང་ཡོད་ཅིང་། སྐུ་ཞབས་ཨོ་བྷ་མ་དང་ ཊོ་ནི་ ཨ་བོཊ་ དེ་བཞིན་ ཤིན་རྫོ་ཨ་བྷེ་བཅས་གསུམ་གྱི་གྲོས་མོལ་ཚོགས་འདུའི་རྗེས་སུ་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་འཁོད་གསལ་ལ། མཚོ་ཐོག་གི་འགྲུལ་བཞུད་རང་དབང་དང་མཁའ་དབྱིངས་འཕུར་བསྐྱོད་རང་དབང་འགན་སྲུང་དང་དམ་འཛིན་བྱེད་དགོས་པ་དང་། ཕྱོགས་མཚུངས་ མཚོ་གླིང་བདག་དབང་གི་དཀའ་རྙོག་ཁག་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་དང་སེལ་ཐབས་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། རྒྱ་ནག་གིས་ཨེ་ཤེ་ཡ་མངའ་ཁུལ་སྤྱི་ཡོངས་ལ་རང་ཤེད་ཆེ་བའི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐབས། ཨེ་ཤེ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་ མཐུན་ཕྱོགས་ཡུལ་གྲུ་གསུམ་གྱིས་བདེ་འཇགས་ལས་དོན་ཤུགས་ཆེ་རུ་གཏང་རྒྱུའི་ཁས་ལེན་གནང་བ་ཞིག་ཡིན་པ་རེད།

XS
SM
MD
LG