ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་འཛིན་གྱི་འབར་མའི་འཚམས་འདྲི་མཇུག་སྒྲིལ།


ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་འབར་མའི་དམངས་གཙོ་དོན་གཉེར་པའི་དབུ་ཁྲིད། ཨང་སན་སུ་ཇི་ལ་མཇལ་འཕྲད་གནང་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་འབར་མའི་སྲིད་འཛིན་ཐེན་སེན་གཙོས་རྒྱལ་ཁབ་དེའི་དཔོན་རིགས་གཞན་ཁག་ལའང་སྲིད་འཛིན་ཨོ་བྷ་མས་མཇལ་འཕྲད་བཀའ་མོལ་གནང་འདུག ད་སྔ་འབར་མའི་ནང་དུ་དམངས་གཙོའི་ལམ་ལུགས་ཀྱི་སྒྱུར་བཅོས་ཆ་ཚང་བ་ཞིག་ལག་བསྟར་ཐུབ་མེད་ཀྱང་འབར་མ་རྒྱལ་ཁབ་ལ་སྒྱུར་བཅོས་གཏོང་མི་ཐུབ་པའི་འགལ་རྐྱེན་མི་འདུག་ཅེས་གསུངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG