ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉིན་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ་བ།


ལྷོ་ཀོ་རི་ཡའི་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༧གོང་ས་མཆོག་གིས་ཉིན་གསུམ་རིང་ གྱི་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་གསུངས་བ་ལེགས་གྲུབ་ཡོད་པ་རེད། ཐཻངས་འདིར་ཉིན་གསུམ་གྱི་རིང་ལ་རྒྱལ་ཁབ་ ༥༧ ནས་ཡོང་བའི་དད་ལྡན་མང་ཚོགས་ ༩༠༠ ལྷག་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་བསྡོམས་མི་གྲངས་ ལྔ་སྟོང་ཙམ་ཆོས་ཞུ་བར་བཅར་ཡོད་པ་རེད། ༧གོང་ས་མཆོག་གིས་དེ་རིང་བཀའ་ཆོས་ཀྱི་ཉིན་མཐའ་མར་སྟོང་ཉིད་ཀྱི་ལྟ་བ་བློ་སྦྱོང་དང་དེ་བཞིན་ཉིན་རེའི་འཚོ་བའི་ནང་དུ་ནང་སེམས་ཀྱི་བློ་སྦྱོང་ལག་ལེན་བསྟར་དགོས་པ་སོགས་ཀྱི་བཀའ་གནང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG