ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་བྷ་མ་དང་འབར་མ།


ད་ལོའི་ལྷོ་ཤར་ཨེ་ཤ་ཡའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་འབར་མའི་ནང་འཚོག་བཞིན་ཡོད་པས། སྲིད་འཛིན་ཨོ་བྷ་མ་ཡང་ཚོགས་འདུའི་ཐོག་ལ་མཉམ་ཞུགས་བྱས་ཡོད་ལ། སྲིད་འཛིན་ཨོ་བྷ་མ་འབར་མའི་སྲིད་གཞུང་གི་ཆེས་མཐོའི་དཔོན་རིགས་དང་དེ་བཞིན་ཁ་གཏད་དམངས་གཙོ་ཚོགས་པའི་མགོ་ཁྲིད་ལྕམ་ཨང་སང་སུ་ཅེ་དང་མཇལ་འཕྲད་གནང་སྐབས། འབར་མའི་ནང་གི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་ཡོད་པའི་རོ་ཧེན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་རྒྱལ་འབངས་ཐོབ་ཐང་སྐོར་གླེང་སློང་བྱ་རྒྱུ་ཡིན་པ་རེད། ཡང་སྲིད་འཛིན་ཨོ་བྷ་མ་ཡིས། འབར་མའི་དྲག་པོའི་སྲིད་གཞུང་མཇུག་བསྡུས་པའི་རྗེས་བཅོས་བསྒྱུར་བྱེད་པའི་ལོ་ངོ་འདི་དག་གི་ནང་དུ། ད་དུང་ཡང་འབར་མའི་ནང་དུ་ཆབ་སྲིད་བཙོན་པ་ཟུར་བ་རྣམས་ལ་དམ་དྲག་དང་། གསར་འགོད་པ་དམར་གསོད་དང་བཀག་སྡོམ་བྱེད་པའི་ལམ་གྱི་གནས་ཚུལ་ཁག་ཅིག་ཀྱང་གསལ་སྟོན་བྱས་ཡོད་འདུག

ཨོ་བྷ་མ་དང་འབར་མ།
please wait

No media source currently available

0:00 0:04:45 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG