ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཛ་དྲག


རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་འབར་མ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་བཅུ་ཐམ་པ་དང་རྒྱ་ནག་གཉིས་ཀྱིས་མཛའ་འབྲེལ་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་དགོས་པ་དང་། རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་སྔར་ལྷག་པའི་རྒྱ་སྐྱེད་གཏོང་དགོས། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གཉིས་ཀྱིས་དམག་དོན་ཛ་དྲག་གི་ཁ་པར་ཞིག་ཀྱང་འཛུགས་དགོས་ཞེས་གྲོས་གཞི་བཏོན་ཏེ། རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་ལ་འབྲེལ་བ་ཡག་ཏུ་བཏང་ནས་ཉི་ཧོང་དང་རྒྱ་ནག་གི་འགལ་ཟླར་གདོང་ལེན་དྲག་པོ་བྱ་རྒྱུའི་ཐབས་ཇུས་ཤིག་བཟུང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG