ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཨ་རིའི་གནམ་གཤིས་བརྟག་དཔྱད་འཕྲུལ་ཆས་མ་ལག་ནང་ལྐོག་འཛུལ་བྱས་པ།


རྒྱ་ནག་གིས་ཨ་མི་རི་ཁའི་དྲ་ལམ་གྱི་ནང་ལྐོག་ཏུ་འཛུལ་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་པ་ལྟར། ཐེངས་འདིར་ཨ་མི་རི་ཁའི་གནམ་གཤིས་བརྟག་དཔྱད་འཁོར་སྐར་གྱི་འཕྲུལ་ཆས་མ་ལག་ཀྱི་ནང་རྒྱ་ནག་གིས་ལྐོག་འཛུལ་བྱས་ཡོད་པའི་གནས་ཚུལ་བྱུང་སྟེ། ཨ་མི་རི་ཁའི་དྲ་ལམ་སྲུང་ཆའི་རུ་ཁག་གིས་གནས་སྐབས་ཤིག་ལ་གནམ་གཤིས་བརྟག་དཔྱད་གྱི་འཁོར་སྐར་འཕྲུལ་ཆས་མ་ལག་བཀག་རྒྱ་བྱེད་དགོས་བཟོས་ཡོད་པ་ཨ་རིའི་གཞུང་འབྲེལ་མི་སྣས་ཁ་སང་གཟའ་ལྷག་པ་ཉིན་བརྗོད་འདུག རྒྱ་ནག་གཞུང་གི་གཞུང་ཚབ་པས་དེ་རྒྱ་ནག་ནས་བྱས་པ་ཡིན་པའི་ཁས་ལེན་བྱས་མེད་ན་ཡང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཧྥི་རིངྐ་ཝོལ་ཧྥི་ལགས་ཀྱིས་དེ་ནི་རྒྱ་ནག་གིས་བྱས་པ་ཡིན་པ་ཨ་རིའི་རྒྱལ་ཡོངས་རྒྱ་མཚོ་དང་བར་སྣང་འཛིན་སྐྱོང་ཁང་གིས་ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ་བརྗོད་ཡོད་པ་རེད།

XS
SM
MD
LG