ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མི་ཞིག་ལ་གླང་ཆེན་ས་གཤག་འགྲན་བསྡུར་ནང་གསེར་གྱི་རྟགས་པ་ཐོབ་པ།


ཉེ་ཆར་ཟི་ཁྲོན་ཞིང་ཆེན་ནང་འཚོགས་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟེར་བའི་ནང་ལ། ཁམས་འདན་མ་ནས་ཡིན་པའི་བོད་མི་ན་གཞོན་རིག་འཛིན་དབང་ཕྱུག་ལ་གླང་ཆེན་ས་གཤག་ཟེར་བའི་སྲོལ་རྒྱུན་གྱི་ཤུགས་ཚད་འགྲན་བསྡུར་ནང་གསེར་གྱི་རྟགས་པ་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག ཁམས་འདན་མ་ནི་བར་ལམ་བོད་ཀྱི་སྲོལ་རྒྱུན་རྟ་རྒྱུགས་འགྲན་བསྡུར་ཚོགས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ས་གནས་ཀྱི་སྡེ་དཔོན་དབང་གྲགས་ལགས་འཛིན་བཟུང་བཙོན་འཇུག་བྱ་ཡུལ་གྱི་ས་ཆ་དེ་རེད།

XS
SM
MD
LG