ངོ་འཕྲད་བདེ་བའི་དྲ་འབྲེལ།

ནེའུ་ཡོག་གི་ནང་ཨི་བྷོ་ལ་ནད་གཞིས་མནར་བའི་ཨེམ་རྗེ་དེ་དྲག་སྐྱེད་བྱུང་ཡོད་པ།


ཟླ་བ་སྔོན་མ་གྲོང་ཁྱེར་ནེའུ་ཡོག་ཏུ་ཨི་བྷོ་ལ་ཁྲག་ཐོན་ནད་འགོས་ པའི་ཨེམ་རྗེ་Craig Spencer ད་ཆ་རྦད་དེ་དྲག་སྐྱེད་བྱུང་སྟེ། སྨན་ཁང་ནས་ གཏོང་རྒྱུ་ཡིན་ལུགས་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་བྱེད་པ་རྣམས་ཀྱིས་བརྗོད་ ཡོད་འདུག དེ་ཡང་གྲོང་ཁྱེར་ནེའུ་ཡོག་གི་འཕྲོད་བསྟེན་དང་སྨན་ཁང་ཁག་གི་ མཉམ་འབྲེལ་ལས་དོན་ཁང་གིས་རེས་གཟའ་ཟླ་བའི་ཉིན་བྱས་པའི་གསལ་ བསྒྲགས་ཤིག་གི་ནང་། ཨེམ་རྗེ་Spencerགྱིས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལ་ཉེན་ཚབས་གང་ཡང་བཟོ་ཉེནམེད་པ་ངེས་གཏན་ཡིན་པར་བརྟེན། ཁོང་རེས་གཟའ་མིག་དམར་གྱི་ཉིན་སྨན་ཁང་ནས་རང་གི་ནང་ལ་ཕྱིར་ལོག་གཏོང་རྒྱུ་ཡིན་པ་བརྗོད་ཡོད་འདུག

རྒྱལ་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ཀྱི་སྨན་པ་Spencer ཡིས། ཨ་ཕྷི་རི་ཀའི་ཡུལ་གྲུ་ Guinea ནང་གི་ནད་པ་རྣམས་ལ་སྨན་བཅོས་ལྟ་སྐྱོང་གི་ ལས་དོན་གནང་སྟེ། ཟླ་བ་སྔོན་མ་ཨ་མེ་རི་ཀར་ཕྱིར་ལོག་བྱས་པའི་མཇུག་ཏུ། ཚ་བ་འབར་བ་དང་། ཞེ་ལོག་བརྒྱབ་པ། ནད་ཟུག་གཏོང་བ། ཐང་ཆད་པ་ སོགས། རང་ལོ་༣༣ལ་སོན་པའི་སྨན་པ་ Spencer ལ་ཚབས་ཆེའི་འགོས་ནད་ ཨི་བྷོ་ལའི་ནད་འབུ་ཕྲ་མོ་འགོས་ཡོད་པའི་ནད་རྟགས་ཆ་ཚང་ཐོན་ཏེ། གྲོང་ ཁྱེར་ནེའུ་ཡོག་གི་ཨི་བྷོ་ལ་འགོས་པའི་ནད་པ་དང་པོ་དེ་ཆགས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG