ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས། ཐའི་ཝན་ལ་རྣམ་འགྱུར་འཇམ་དུ་གཏོང་གི་ཡོད་པའི་རྣམ་པ་ཡོད་པ།


རྒྱ་ནག་གིས། ཝའི་ཝན་དེ་བཞིན་ནམ་ཞིག་རྒྱ་ནག་གི་ཆ་ཤས་སུ་ཟླ་བསྒྲིལ་ གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པར་མ་ལྟོས་པར། རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་པིང་གིས། རྒྱ་ནག་དང་ཐའི་ཝན་གྱི་འབྲེལ་ལམ་ལ་དཀའ་རྙོག་གསར་པ་ མང་པོ་གནས་མུས་ཡིན་པར་ངོས་ལེན་གནང་གི་ཡོད་པ་དང་། དེ་ཡང་མངའ་ ཁུལ་གྱི་དཔལ་འབྱོར་གྱི་གནད་དོན་ཐད་ཀྱི་ལོ་རེའི་ལྷནཚོགས་ཤིག་གི་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ཐའི་ཝན་གྱི་སྐུ་ཚབ་ཚོགས་པ་རྣམས་ དང་ཐུགས་འཕྲད་གནང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དཀའ་རྙོག་གསར་ པ་མང་པོ་ཡོད་པ་ངོས་ལེན་གནང་སྟེ། མ་འོངས་ཕུགས་རྒྱང་རིང་པོའི་བདེ་ རྩའི་དོན་དུ་ཕྱོགས་གཉིས་ཐད་ནས་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཀྱི་ འབད་བརྩོན་མང་ཙམ་བྱེད་དགོས་པའི་འབོད་བསྐུལ་གནང་ཡོད་འདུག ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡུལ་ཁག་གི་དཔལ་འབྱོར་མཉམ་ འབྲེལ་ལྷན་ཚོགས་ཤིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ནང་རེས་གཟའ་ཉི་མའི་ ཉིན་འགོ་འཛུགས་བྱས་པ་ལྟར། རྒྱ་ནག་གཞུང་གཉེར་གྱི་གསར་འགྱུར་ལས་ ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། སྲིད་འཛིན་ཞི་ཅིན་པིང་གིས། རྒྱ་ནག་ དང་ཐའི་ཝན་གྱི་དབར་མི་མཐུན་པའི་གནས་ཚུལ་མང་དག་ཅིག་ཡོང་རྒྱུ་ ཡིན་པ་ལས་གཡོལ་ཐུབ་ཐབས་མེད་ཀྱང་། གཅིག་གིས་གཅིག་ལ། གཞན་དེའི་ སྤྱི་ཚོགས་ཀྱི་ལམ་ལུགས་དང་འཛུགས་བསྐྲུན་གྱི་ལམ་ཕྱོགས་བསྟེན་ཕྱོགས་ལ་ གུས་བརྩི་ངེས་པར་དུ་བྱེད་དགོས་པ་ཡིན་ཞེས་བརྗོད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG